བོད་ཀྱི་ན་གཞོན་ཚོང་ལས་པའི་འདུ་ཚོགས་སྐབས་དང་བོ་དེ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་ཚོགས་པ།


བོད་ཀྱི་ན་གཞོན་ཚོང་ལས་པའི་འདུ་ཚོགས་སྐབས་དང་བོ་དེ་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་ཚོགས་པ།  

   ༢༠༡༥  ༡༢  ༢༧ཉིན་ཚོ་ཤོག་གསར་བས་གཙོ་སྒྲུབ་བྱས་པའི་སྐབས་དང་བོའི་བོད་ཀྱི་ན་གཞོན་ཚོང་ལས་པའི་འདུ་ཚོགས་དེ་གནའ་མཁར་ཟི་ལིང་གི་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་།   ཚོགས་འདུའི་ཐོག་ཏུ་ཞུགས་མཁན་ནི་བོད་ཀྱི་ན་གཞོན་ཚོང་ལས་པ་རྐྱང་རྐྱང་མ་ཡིན་པར་བོད་མིའི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་བསམ་གཞིག་གཏོང་མཁན་གྱི་མང་ཚོགས་དང་སློབ་ཆེན་སློབ་མ།  གཞུང་ཞབས་ལས་བྱེད་པ་སོགས་སྐྱ་སེར་སུམ་བརྒྱ་ལྷག་མཉམ་ཞུགས་གནང་། ཚོགས་འདུའི་སྟེང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་དང་གངས་ལྗོངས་འབྲི་མོའི་སྤྲི་ཆུར་བཟོ་གྲྭའི་སྤྱིའི་འགོ་གཙོ་དགེ་རྒན་འཇིགས་མེད་རྒྱལ་མཚན་དང་།   མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་བསོད་ནམས་དབང་རྒྱལ།   མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་པདྨ་བསྟན་འཛིན་གསུམ་ཆེད་ཞུས་ཀྱིས་སོ་སོས་གཏམ་བཤད་ཡིད་འཁུལ་བ་གནང་བར་མ་ཟད། དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་སློབ་གསོའི་ཆ་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མ་དོར་བའི་སྒོ་ནས་དེང་རབས་རིག་གནས་ལ་སྦྱང་བ་ནན་ཏན་བྱས་ཏེ་དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་སྔོན་ཐོན་གྱི་སློབ་གསོའི་རྗེས་ཆོད་པ་དང་།  དཔལ་འབྱོར་གྱི་ཆ་ནས་རང་མི་རིགས་ཀྱི་འཚོ་རྟེན་དུ་གྱུར་བའི་ཞིང་ཕྱུགས་མ་བསྐྱུར་བའི་སྒོ་ནས་གནའ་དེང་ཟུང་འབྲེལ་གྱི་དཔལ་འབྱོར་སྒྲིག་གཞི་ལེགས་པོ་ཞིག་ཆགས་སུ་བཅུག་སྟེ་མ་མཐའ་ཡང་རང་ཁ་རང་གསོ་ཐུབ་པ་ཞིག་ངེས་པར་དུ་བརྩོན་ལེན་བྱེད་དགོས་ཞེས་པ་ལས་འཕྲོས་ཏེ་ཆུ་ཚོད་གཅིག་རིང་ལ་གཏམ་བཤད་གལ་ཆེན་གནང་བས་ཀུན་གྱིས་དགའ་བསུ་བླ་མེད་ཐོབ།  མཇུག་ཏུ་ཚོ་ཤོག་གསར་བའི་གཙོ་སྒྲུབ་མཐུན་གཉེར་ཁང་བཅུ་གཅིག་གི་འགོ་བ་རྣམས་ཀྱིས་རང་རང་གི་ཚོང་ལས་གསར་བསྐྱེད་ཀྱི་གོ་རིམ་ལས་འཕྲོས་ཏེ་ཉམས་མྱོང་བརྗེ་རེས་གནང་།  

 

ཆེད་ཞུས་གཏམ་བཤད་པ་རྣམ་པ་གསུམ། 


གཏམ་བཤད་པ་སོ་སོས་གཏམ་བཤད་གནང་བཞིན་པ། 


དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། 


པད་མ་བསྟན་འཛིན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། 


བསོད་ནམས་དབང་རྒྱལ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། 



ཚོགས་རའི་རྣམ་པ། 

ལྷན་འཛོམས་མཉམ་པར། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-28 ལྟ་ཀློག (4338)