མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་སྐབས་དང་པོའི༼ཚོང་ཚོགས་གསེར་བུམ་རྟགས་མ༽འི་དཔྱད་འདེམས་ཟི་ལིང་དུ་ཚོགས་པ། ​


མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་སྐབས་དང་པོའི༼ཚོང་ཚོགས་གསེར་བུམ་རྟགས་མ༽འི་དཔྱད་འདེམས་ཟི་ལིང་དུ་ཚོགས་པ། 

     ༢༠༡༥ ༡༢  ༢༦ཉིན་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་སྐབས་དང་པོའི༼ཚོང་ཚོགས་གསེར་བུམ་རྟགས་མ༽བཟོ་རྩལ་གསར་གཏོད་ཐོན་རྫས་དཔྱད་འདེམས་དང་ཉམས་མྱོང་བརྗེ་རེས་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་།  ཚོགས་ཐོག་ཏུ་གངས་ལྗོངས་འབྲི་མོའི་སྤྲི་ཆུར་བཟོ་གྲྭའི་སྤྱིའི་འགོ་གཙོ་དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་གཙོ་བྱས་ནས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་གཏམ་བཤད་དང་ཉམས་མྱོང་བརྗེ་རེས་གནང་བར་མ་ཟད།  ཐེངས་འདིའི་ཚོགས་འདུའི་དཔྱད་འདམས་ཁྲོད་དུ་གསེར་གྱི་རྟགས་མ་ཐོབ་མཁན་གཅིག་དང་། ཆེས་ཁྱད་དུ་འཕགས་པའི་གསར་གཏོད་གསུམ།  ས་གནས་ཀྱི་ཁྱད་ཆོས་ལྡན་པ་གསུམ་བཅས་བདམས་ཐོན་བྱུང་སྟེ་བྱ་དགའ་བྱིན། 

  



རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-27 ལྟ་ཀློག (3435)