རང་རྒྱལ་གྱི་བོད་ཡིག་གི་དཔེ་ཆ་སྡེབ་འཚོང་ལྟེ་གནས་ཐོག་མ་མཚོ་སྔོན་ནས་དངོས་སུ་བཙུགས།

རང་རྒྱལ་གྱི་བོད་ཡིག་གི་དཔེ་ཆ་སྡེབ་འཚོང་ལྟེ་གནས་ཐོག་མ་མཚོ་སྔོན་ནས་དངོས་སུ་བཙུགས།

       གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་གནས་སློབ་གསོའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་། དམངས་ཡོངས་ཀྱིས་དཔེ་ཆ་ཀློག་པར་སྐུལ་འདེད་གཏོང་ཆེད། རང་རྒྱལ་གྱི་བོད་ཡིག་གི་དཔེ་ཆ་སྡེབ་འཚོང་ལྟེ་གནས་དེ་མཚོ་སྔོན་ནས་དངོས་སུ་བཙུགས། ཚེས་ཉེར་གསུམ་ཉིན་བོད་ཡིག་གི་དཔེ་ཆ་སྡེབ་འཚོང་ལྟེ་གནས་དང་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་སྡེ་ཚོགས་མཛོད་ཁང་སྐྱེལ་འདྲེན་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི་ལ་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་ས་ཁུལ་ནས་དངོས་སུ་རྨང་བཏིངས།

     རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེའི་འཛུགས་སྐྲུན་ཁག་གསུམ་དུ་བགོད་ཡོད་པ་དང་། སའི་རྒྱ་ཁྱོན་ལ་མུའུ་སོ་ལྔ་ཟིན་ཞིང་། བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གསུམ་དང་སྟོང་བཞི་ལྷག་ཡོད་པ་དང་། སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གསུམ་གཏོང་རྒྱུ་རེད། ལས་གཞི་དེའི་འཛུགས་སྐྲུན་ནང་དོན་ལ་རྒྱ་ཡིག་དང་བོད་ཡིག སོག་ཡིག་བཅས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཁྲིད་གཞི་མཛོད་ཁང་སྐྱེལ་འདྲེན་ལྟེ་གནས་དང་། བྱེད་སྒོའི་ཕྱོགས་བསྡུས་ཐོག་ཁང་། དེ་མིན་སྲིད་འཛིན་གཞུང་སྒྲུབ་ཐོག་ཁང་བཅས་འདུ།

རྒྱུས་ལོན་བྱུང་བ་ལྟར་ན། རེབ་འདིའི་འཛུགས་སྐྲུན་ལས་གཞི་ནི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”གྲངས་ཉུང་མི་རིགས་གསར་འགྱུར་དཔེ་སྐྲུན་ཤར་རླུང་བཟོ་སྐྲུན་དང་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རིག་གནས་འཛུགས་སྐྲུན་གྱི་ལག་བསྟར་ལས་གཞི་གལ་ཆེན་ནང་གི་གཅིག་རེད།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-12-24 ལྟ་ཀློག (2972)