​སྒོར་མོ་སོགས་རྙེད་དེ་ཕྱིར་རྒྱུ་བདག་ལ་སྟེར་མཁན་གྱི་སློབ་གྲོགས་༡༣ལ་བྱ་དགའ་གནང་བ།

 

སྒོར་མོ་སོགས་རྙེད་དེ་ཕྱིར་རྒྱུ་བདག་ལ་སྟེར་མཁན་གྱི་སློབ་གྲོགས་༡༣ལ་བྱ་དགའ་གནང་བ།

   ད་ལོ་སྟེ་སྤྱི་ལོ་༢༠༡༥ལོའི་འཁྲུངས་སྟོན་(སྐབས་༢༡)སྟེང་རང་རེའི་སློབ་གླིང་གིས་ལོ་གཅིག་གི་རིང་སློབ་གྲོགས་རྣམས་ཀྱིས་སློབ་གྲྭའི་ཁོར་ཡུག་གི་ཕྱི་ནང་གང་རུང་ནས་སྒོར་མོ་སོགས་རྒྱུ་དངོས་སྣ་ཚོགས་རྙེད་དེ་སློབ་གྲྭའི་སྤྱི་གཉེར་ཁང་གི་དོ་དམ་པ་དགེ་རྒན་དར་རྒྱས་ལགས་ལ་སྤྲད་དེ་ཕྱིར་རྒྱུ་བདག་གི་ལག་ཏུ་འཕྲོད་པར་བྱས་པར་སྤྱི་སྡོམ་གནང་སྟེ།  སྒོར་སྟོང་གཅིག་ཡན་རྙེད་མཁན་རྣམས་ལ་༧སློབ་དཔོན་འཇིགས་མེད་རྒྱལ་མཚན་ཚང་དང་༧སློབ་དཔོན་ཤེས་རབ་བསྟན་དར་ཚང་རྣམ་གཉིས་ཀྱིས་དངོས་སུ་དམིགས་བསལ་གྱི་བྱ་དགའ་གནང་སྟེ་བསྔགས་བརྗོད་བྱས།  འདིས་ནི་སློབ་གསོའི་ཁྱད་ཆོས་དང་གྲུབ་འབྲས་མཚོན་པར་མ་ཟད་།  མི་སྒེར་གྱི་ལྷག་བསམ་དང་ཀུན་སྤྱོད་ཀྱི་ཚད་གཞི་འཇལ་བ་ཡིན་པས།   ཚང་མས་དེ་བཞིན་ཁོ་ཚོ་མིག་དཔེར་བྱས་ཏེ་རང་རང་གི་བསམ་སྤྱོད་བཟང་བོས་སྤྱི་ཕན་གྱི་བྱ་བར་འབད་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ།།
འཛིན་གྲྭ་དང་སློབ་མའི་མིང་།  རྒྱུ་དངོས་ཀྱི་རྣམ་གྲངས་དང་གོང་ཚད་སོགས་གཤམ་གསལ་ལྟར།
མཐར་ཕྱིན་དང་བོ།
རིན་ཆེན་རྡོ་རྗེ། ཁ་པར་གཉིས།  སྒོར། ༣༠༠༠
མཐར་ཕྱིན་གཉིས་པ། 
འཕྲིན་ལས་འོད་གསལ། ཀུ་ཤུ་ཁ་པར། ༡   སྒོར། ༢༠༠༠
ཕྱག་རྡོར་སྐྱབས།   ཁ་པར། ༡   སྒོར། ༡༠༠༠
རྡོ་རྗེ་རིན་ཆེན།  ཀུ་ཤུ་ཁ་པར། ༡   སྒོར། ༢༠༠༠
མཐོ་གཉིས་དང་བོ།
སྐལ་བཟང་དར་རྒྱས་ཆེ།  ཁ་པར། ༢  སྒོར། ༡༡༠༠
མཐོ་གཉིས་གཉིས་པ།
བསོད་ནམས་ཚེ་རིང་། ཀུ་ཤུ་ཁ་པར། ༡   སྒོར། ༡༣༠༠
བཀྲ་ཤིས་ཚེ་རིང་། ཁ་པར། ༡   སྒོར།༡༠༠༠
དཀོན་མཆོག་རྒྱ་མཚོ། ཁ་པར། ༡    སྒོར།༢༠༠༠
བསོད་ནམས་མགོན་པོ།  ཁ་པར། ༡    སྒོར། ༡༦༠༠
འབྲིང་གཅིག
ཚེ་རིང་སྐྱབས། ཁ་པར། ༢   སྒོར། ༡༡༠༠
རིག་འཛིན་རྡོ་རྗེ།   སྒོར། ༡༤༧༣
དམའ་གཅིག
འཇིགས་མེད།  སྒོར། ༢༠༠༠
ནོར་བུ་དོན་གྲུབ།  ཁ་པར་སོགས་སྒོར་༡༠༠༠ བཅས་སོ།།

༼གསར་འགོད་པ།  བླ་ནག་པ་སྐལ་ལྡན་རྒྱ་མཚོ།༽


 རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-16 ལྟ་ཀློག (4371)