​སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟླ་གཅིག་ལ་དཔེ་ཁྲིད་གནང་འཆར་ཡོད་པ།


སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟླ་གཅིག་ལ་དཔེ་ཁྲིད་གནང་འཆར་ཡོད་པ།   

    ནུབ་བྱང་མི་རིགས་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་ཆེན་མོའམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་2015/12/6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་ཚོགས་ཁང་201གི་ནང་དུ་དོན་གཉེར་ཅན་གྱི་སློབ་མ་བརྒྱ་ཕྲག་ལྔ་ལྷག་ལ་༼ཀུན་སྤྱོད་ལྡན་པའི་ཤེས་ཡོན་ནི་རང་གཞན་གཉིས་ཀྱི་བདུད་རྩི་སྨན་མཆོག་ཡིན།༽ཞེས་པའི་གསུང་བཤད་རྒྱས་པར་གནང་ཞིང་། གཟའ་རྗེས་མ་ནས་བཟུང་སློབ་གླིང་དེ་གའི་འབུམ་རམས་པ་དང་ཞིབ་འཇུག་སློབ་མ་གཙོས་དགེ་སློབ་མང་བོར་གཟའ་རེའི་གཟའ་ཟླ་བ་ནས་གཟའ་ཕུར་བུའི་བར་གྱི་དགོང་ཚོགས་སྐབས་སྣ་འཛོམས་ཐོག་ཁང་གི་306ནང་ནས་༼གྲུབ་མཐའ་རིན་ཆེན་ཕྲེང་བ།༽དཔེ་ཁྲིད་ཟླ་གཅིག་ལ་གནང་འཆར་ཡོད་དོ།། 




འཕྲིན་གཏོང་བ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-07 ལྟ་ཀློག (7806)