​གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ད་ལོའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་སྤེལ་​བ།

     

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ད་ལོའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་སྤེལ་བ།

   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་དེ་རིང་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར་སྤེལ་ཅིང་། སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་གཙོས་སློབ་གླིང་རང་གི་དགེ་སློབ་སྟོང་ཕྲག་ལྷག་བྱ་དགའ་སྟེར་བའི་ཚོགས་འདུར་ཞུགས་པར་མ་ཟད། སློབ་དཔོན་རྣམ་པ་གཉིས་ཀྱིས་ཐེངས་འདིའི་འགྲན་བསྡུར་དང་འབྲེལ་བའི་གསུང་བཤད་ཕུན་སུམ་ཚོགས་པ་གནང་། ད་ལོའི་འགྲན་བསྡུར་གྱི་ཁ་ཕྱོགས་ནི་ལྷུག་རྩོམ་ཡིན་ལ། དེར་ཨང་དང་བོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། རྟིང་བསྐུལ་བཞི། དེ་མིན་གཞན་ལྷུག་རྩོམ་ལེགས་གྲས་ཉི་ཤུ་བཅས་ལ་གཟེངས་རྟགས་ཕུལ་བར་མ་ཟད། བྱ་དགའ་ཐོབ་པ་མང་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པ་ལ་ཕུལ་བྱུང་གསེར་སྨྱུག་རྟགས་མའི་འཛིན་གྲྭ་ཞེས་པའི་གཟི་བརྗིད་མཚན་སྙན་ཕུལ། དགོང་མོར་སློབ་གླིང་རང་གི་དགེ་རྒན་ན་གཞོན་རྩོམ་པ་བོ་བླ་ནག་སྐལ་ལྡན་རྒྱ་མཚོ་དང་། ཆོས་སྐྱོང་འགྱུར་མེད། གྱི་ལིང་འཇིགས་མེད་གསུམ་གྱིས་རྩོམ་རིག་སྐོར་ནས་གཏམ་བཤད་སྤེལ་ཏེ་མཇུག་བསྡུས་སོ།། ཞར་དུ་ཐེངས་འདིའི་བྱ་འགུལ་གྱི་མ་དངུལ་ཡོངས་རྫོགས་གཏོང་བའི་སྦྱིན་བདག་ཀུན་མཐུན་ཚོགས་པའི་ཚོགས་མི་ཡོངས་ལ་དགེ་སློབ་ཡོངས་ཀྱིས་བཀའ་དྲིན་ཆེ་ཞུ་བའི་ཕྱག་རྟགས་ཕུལ།  






འཕྲིན་གཏོང་བ། གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-02 ལྟ་ཀློག (4465)