​རྨ་འགྲམ་གྱི་སྐྱེ་ཁམས་སློབ་གྲྭ་ཞེས་པའི་བྱ་འགུལ་སྤེལ་བ​།

 

རྨ་འགྲམ་གྱི་སྐྱེ་ཁམས་སློབ་གྲྭ་ཞེས་པའི་བྱ་འགུལ་སྤེལ་བ། 

  དོ་ནུབ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླིང་ལྗང་སྒྱུར་ཚན་ཆུང་གིས་གཙོ་སྒྲུབ་བྱས་པའི་རྨ་འགྲམ་གྱི་སྐྱེ་ཁམས་སློབ་གྲྭ་ཞེས་པའི་བྱ་འགུལ་སྤེལ་བའི་ཚོགས་འདུ་བསྡུས། སློབ་གླིང་གི་དགེ་སློབ་ཡོངས་རྫོགས་ཚོགས་འདུར་ཞུགས་ཤིང་། ཚོགས་ཐོག་ཏུ་ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་སློབ་གྲོགས་རྣམས་ཀྱི་བརྩམས་ཆོས་ལ་བྱ་དགའ་གནང་། དེ་ཡང་རི་མོ་དང་འདྲ་པར། པར་རིས་ཇུས་འགོད། རྩོམ་ཡིག་སོགས་མདོར་ན་རྨ་ཆུ་སྲུང་སྐྱོབ་བྱེད་པ་བརྗོད་བྱར་བྱས་པའི་བརྩམས་ཆོས་དག་ལས་ཕུལ་བྱུང་རྣམས་ལ་བྱ་དགའ་ཐོབ། དེར་མ་ཟད་ད་དུང་སློབ་གླིང་རང་གི་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་སློབ་གླིང་ལྗང་སྒྱུར་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གལ་ཆེའི་དགོས་མཁོ་དང་། མི་རང་ཉིད་ནས་འགོ་རྩོམ་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་།  





འཕྲིན་གཏོང་བ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-30 ལྟ་ཀློག (6175)