དགེ་རྒན་ཨ་མཆོག་མགོན་པོ་སྐྱབས།


      དགེ་རྒན་ཨ་མཆོག་མགོན་པོ་སྐྱབས་ནི་སྤྱི་ལོ་༡༩༨༩ལོར་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་རྩྭ་ཐང་ནས་སྐྱེས་ཤིང་།  རང་ལོ་བརྒྱད་པའི་སྟེང་ཡུལ་ཚོ་ནས་སློབ་གྲྭར་འགྲིམ་མགོ་བརྩམས། སློབ་ཆུང་ནས་གསུམ་བཟང་སློབ་མའི་བྱ་དགའ་སོགས་ཐེངས་ཁ་ཤས་ལ་ཐོབ།  སློབ་ཆུང་མཐར་ཕྱིན་རྗེས་གཙོས་བོད་རིགས་སློབ་འབྲིང་དུ་ཞུགས་ཤིང་དམའ་འབྲིང་མཐར་ཕྱིན།  དེ་ནས་གངས་ལྗོངས་ཤེས་རིགས་ནོར་བུའི་སློབ་གླིང་དུ་ཞུགས་ནས་ལོ་གསུམ་ལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས་ལ།  སློབ་གླིང་འདི་ནས་མཐོ་འབྲིང་རིམ་པའི་ཕུལ་བྱུང་སློབ་མའི་བྱ་དགའ་ཐེངས་གཉིས་ལ་ཐོབ། སློབ་མཐར་ཕྱིན་རྗེས་ལྷ་སའི་ལམ་བཟང་སྐད་ཡིག་སློབ་གྲྭར་ཞུགས་ནས་ལོ་གཉིས་ལྷག་ལ་དབྱིན་ཡིག་ཆེད་སྦྱོང་བྱས། དེ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཆེད་སྦྱོང་གི་སློབ་མཐར་ཕྱིན།   སྤྱི་ལོ་༢༠༡༤ལོར་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་བཀོད་ལྟར་པེ་ཅིན་གྱི་ཝོ་སྒྲིར་ཧྥོ༼Waldorf华德福༽སློབ་གྲྭ་ནས་ལོ་གཅིག་ཙམ་ལ་དགེ་རྒན་གྱི་སྦྱོང་བརྡར་སོགས་སློབ་གསོའི་སྐོར་ལ་འབད་པ་བྱས།  སློབ་མཐར་ཕྱིན་རྗེས་སློབ་དཔོན་མཆོག་གི་བཀའ་དགོངས་བཞིན་རང་རེའི་སློབ་གླིང་དུ་ཕྱིར་ཡོང་ནས་དབྱིན་ཡིག་དང་རྩིས་རིག་གི་དགེ་རྒན་བྱེད་བཞིན་ཡོད།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-11-17 ལྟ་ཀློག (5693)