མཐོ་སྒང་ན་རེ་བས་ཁེངས་བཞིན་པའི་ཨོ་ལ་རི་བོ་རྫ་ཆུ་བསིལ་མའི་མཐུན་གཉེར་ཁང་།


མཐོ་སྒང་ན་རེ་བས་ཁེངས་བཞིན་པའི་ཨོ་ལ་རི་བོ་རྫ་ཆུ་བསིལ་མའི་མཐུན་གཉེར་ཁང་།  

       བྲག་དཀར་རྫོང་ཨོ་ལ་རི་བོའི་རྫ་ཆུ་བསིལ་མ་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་ནི་འབྲོག་དམངས་དཀྱུས་མའི་བུ་སྤུན་འགའ་མཉམ་རུབ་ཀྱིས་གསར་དུ་བཙུགས་ཤིང་། དེ་ནིཁུ་ནི་རི་བོ་དང་མདོ་ལ་རི་རྒྱུད་ཀྱི་འདྲེས་མཚམས་སུ་ཆགས་པའི་ཨོ་ལ་རི་བོའི་རི་རྒྱུད་ཀྱི་བྱང་ཕྱོགས་སུ་གནས་ཤིང་། རི་རྒྱུད་དེ་ནི་ཀྲུང་གོའི་ནུབ་རྒྱུད་གཏེར་ཁུལ་གྱི་གཙོ་གྲོས་ནང་གི་གཅིག་ཡིན་པར་མ་ཟད་ཆེས་མཐོ་ཚད་ལ་རྨིད་5305ཡོད། ད་ལྟའི་བྲག་དཀར་རྫོང་གི་ལྷོ་ཕྱོགས་ཀྱི་མཚམས་སུ་ཡོད་ཅིང་། གཏེར་རིགས་སྣ་ཚོགས་ཀྱི་ཐོན་ཁུངས་བརྒྱུད་ནས་འབབ་པའི་རང་བྱུང་རྫ་ཆུ་བསིལ་མའི་འབྱུང་ཁུངས་གཙོ་ཤོས་སུ་ཆགས་ཡོད་པས། ༢༠༡༣ལོ་ནས་བཟུང་འབྲེལ་ཡོད་ཚད་ལྡན་གྱི་བརྟག་ཐབས་རབས་དང་རིམ་པ་བྱས་ཤིང་། ཁྱོན་བསྡོམས་ས་གནས་མི་འདྲ་བ་བརྒྱ་ཕྲག་ལྷག་གི་ཆུ་རིགས་ལ་བརྟག་དཔྱད་དང་དཔྱད་བསྡུར་ཡང་དག་བྱས་པ་བརྒྱུད་ནས། ཆུ་འདི་བཏུང་ན་ལུས་ཁམས་གསོ་ཞིང་འཕྲོད་རྟེན་ལ་ཕན་པ་དང་། ནད་རིགས་སྔོན་འགོག་གི་ནུས་པ་ལྡན་པར་ཚན་རིག་གི་བརྟག་ཐབས་ཀྱིས་ར་སྤྲོད་ཡང་དག་པ་གནང་བས་མཐར་ས་གནས་འདིར་རྫ་ཆུ་བསིལ་མའི་མཐུན་གཉེར་ཁང་ཞིག་འཛུགས་པའི་གཏན་འཁེལ་དང་གྲོས་མཐུན་བྱུང་བ་ཡིན། དེ་བས་2014ལོར་འབྲེལ་ཡོད་གོང་རིམ་ལ་སྙན་ཞུ་ཞུས་པ་བརྒྱུད་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཆོག་མཁྱེན་ཆ་ཚང་ཐོབ་པར་མ་ཟད། རྨིད་གྲུ་བཞི་མ་བཅུ་ཕྲག་ལྷག་ལ་བཟོ་གྲྭ་གསར་འཛུགས་དང་། རྒྱལ་ཕྱི་ནང་གི་འཕྲུལ་ཆས་སྔོན་ཐོན་དག་ནང་འདྲེན་བྱས་ནས་སྤྱི་ལོ་༢༠༡༥ལོའི་ཟླ་༡༡ཚེས༡༣ཉིན་ཨོ་ལ་རི་བོའི་རྫ་ཆུ་བསིལ་མ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་དབུ་འབྱེད་མཛད་སྒོ་དངོས་སུ་སྤེལ་ཅིང་།  མཛད་སྒོའི་དུས་སྟོན་སྟེང་དུ་རྒྱལ་ཁབ་རིམ་པའི་འགོ་ཁྲིད་གཙོས་པའི་ཕྱོགས་སོ་སོའི་སྐུ་མགྲོན་མང་དུ་ཕེབས་པར་མ་ཟད། སྐུ་འགྲོན་རྣམ་པས་མཐུན་གཉེར་ཁང་གི་ཕྱོགས་ཐམས་ཅད་ལ་གཟིགས་ཞིབ་གནང་ཏེ་བྱ་བར་མཐོང་ཆེན་དང་མ་འོངས་པར་མཐུན་གཉེར་ཁང་འདི་ལ་མདུན་ལམ་ཡངས་པོ་འདུག་ཅེས་ཡང་ཡང་བཤད།  ང་ཚོས་བཟོ་གྲྭ་འདི་འདྲ་ཞིག་འཛུགས་དགོས་པའི་དམིགས་ཡུལ་ནི་དུས་རབས་གསར་བའི་ཚོང་ལས་ཀྱི་འགྲོས་དང་བསྟུན་ནས་ས་གནས་རང་གི་ཐོན་ཁུངས་དག་སྔོག་འདོན་དང་བེད་སྤྱོད་བྱས་ཏེ་བོད་རང་གི་ཚོང་ལས་དཔལ་འབྱོར་འདི་ལམ་ག་གསར་བ་ཞིག་ལ་བསྙེག་པར་ཚོད་ལྟ་བྱེད་རྒྱུ་དེ་ཡིན་པར་མ་ཟད། ས་གནས་མང་ཚོགས་ཀྱི་ཚོང་རའི་དཔལ་འབྱོར་གཏན་འཇགས་ཅན་དང་། ཁ་ཕྱོགས་ཅན་དུ་བསྒྱུར་བར་སྐུལ་འདེད་དང་ཤུགས་རྐྱེན་འཇོག་རྒྱུ་དེའང་ཡིན་པས་རྒྱ་ཆེ་བའི་འཛད་སྤྱོད་པ་ཡོངས་ཀྱིས་ངེད་ཅག་གི་བྱ་བར་རྒྱབ་སྐྱོར་དང་དགོངས་འཆར་གནང་རྒྱུ་སྙིང་ནས་རེའོ། ། 



ཨོ་ལ་རི་བོ་རྫ་ཆུ་བསིལ་མའི་མཐུན་གཉེར་ཁང་དངོས་་སུ་དབུ་འབྱེད་གནང་བ།

ལས་སྣོན་འཕྲུལ་ཆས།


ལས་སྣོན་བྱེད་བཞིན་པ།



མཛོད་ཁང་། 


མཐོ་སྒང་ན་རེ་བས་ཁེངས་བཞིན་པའི་ཨོ་ལ་རི་བོ་རྫ་ཆུ་བསིལ་མའི་མཐུན་གཉེར་ཁང་།

ཚོང་འབྲེལ་བྱ་ཡུལ། ༡༨༢༩༧༠༤༨༨༧༨  ༡༥༡༠༩༧༦༩༩༩༨


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-16 ལྟ་ཀློག (6891)