​ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིར་འཇིགས་སྐུལ་དྲག་སྤྱོད་པས་འཇབ་རྒོལ་བྱས་པ། ​

 

   ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིར་འཇིགས་སྐུལ་དྲག་སྤྱོད་པས་འཇབ་རྒོལ་བྱས་པ། 

   མདང་དགོང་སྟེ། ཕྱི་ཚེས༡༣གཟའ་པ་སངས་ཀྱི་དགོང་མོར། ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིར་འཇིགས་སྐུལ་དྲག་སྤྱོད་པས་མེ་མདའ་བརྒྱབ་སྟེ་མི༡༣༢བསད་ཡོད་པ་དང་མི་མང་བོ་བཙན་ཁྲིད་བཀག་ཉར་བྱས་ཡོད་པའི་ཡ་ངའི་གནས་ཚུལ་བྱུང་འདུག གནས་ཚུལ་དེ་ཕེ་རེ་སིའི་གྲོང་ཁྱེར་གྱི་ས་གནས་ཁག་གསུམ་ནས་བྱུང་འདུག་ལ། ཕེ་རེ་སིའི་རྫོང་ཁུལ་བཅུ་བའི་ཟ་ཁང་ཞིག་ནས་དྲག་སྤྱོད་པའི་མེ་མདའ་བརྒྱབ་སྟེ་མི་ཁ་ཤས་བསད་རྨས་བྱུང་ཡོད་པ་དང་། ཕེ་རེ་སིའི་གྲོང་ཁྱེར་དབུས་ཀྱི་བྷ་ཏ་ལན་རོལ་དབྱངས་ཚོགས་ཁང་(Bataclan concert Hall) ནང་ནས་མི༡༥བསད་ཡོད་པ་དང་མི་བརྒྱ་ཙམ་བཙན་ཁྲིད་བཀག་ཉར་བྱས་ཡོད་འདུག གཞན་ཕེ་རེ་སིའི་གྲོང་ཁྱེར་བྱང་ཕྱོགས་སུ་ཡོད་པའི་རྐང་གྲུག་རྩེད་ཐང་ཉེ་འཁྲིས་ཀྱི་ཆང་ཁང་ཞིག་ནས་འབར་རྫས་བགད་ཡོད་འདུག་ལ། སྐབས་དེར་འཇར་མན་དང་ཧྥ་རན་སིའི་རྐང་གྲུག་རུ་ཁག་གཉིས་ཀྱིས་རྐང་སྤོལ་བགྲན་བསྡུར་གནང་བཞིན་ཡོད་པ་དང་ཧྥ་རན་སིའི་སྲིད་འཛིན་ཧོ་ལང་ཌི་ལྟད་མོ་ལྟ་བར་ཕེབས་ཡོད་འདུག  ད་ལྟའི་ཆར་སྲིད་འཛིན་ཧོ་ལང་ཊི་ཡིས་བརྙན་འཕྲིན་བརྒྱུད་ཧྥ་རན་སིའི་རྒྱལ་ཡོངས་ཛ་དྲག་གི་གནས་སྟངས་འོག་ཡོད་པ་དང་རྒྱལ་ཁབ་ཀྱི་མཐའ་མཚམས་བཀག་ཡོད་པའི་གསལ་བསྒྲགས་གནང་ཡོད། ཡང་གནས་ཚུལ་ཡོངས་ཁུངས་འགའ་རེ་ནས་མི༡༠༡ཙམ་བསད་ཡོད་ཚུལ་བརྗོད་འདུག་ཅིང་། ད་ལོའི་ཕྱི་ཟླ༡པའི་ཚེས༧ཉིན། ཕེ་རེ་སིའི༼ཤཱག་ལིས༽ དུས་དེབ་རྩོམ་སྒྲིག་ཁང་ལ་དྲག་སྤྱོད་པའི་མེ་མདའ་བརྒྱབ་ཏེ་མི༡༧བསད་པའི་དོན་རྐྱེན་ཡང་བྱུང་ཡོད་པ་རེད།



2015/11/14ཉིན་སྤེལ། 

གསར་འགྱུར་མཁོ་སྤྲོད་པ།  རྒྱ་འདུ་སངས་རྒྱས།


 རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-14 ལྟ་ཀློག (3668)