བོད་ཁུལ་སློབ་རའི་༼དགའ་བདེ་རྫོང་༽གསར་འགྱུར།

 མཚོ་སྔོན་དགའ་བདེ་རྫོང་གི་སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་ཡར་སྐུལ་ཆེད་གླེང་ཚོགས་འདུ།

 དངོས་ཞུགས་སློབ་མའི་ཚོགས་རའི་རྣམ་པ།

      སྤྱི་ལོ༢༠༡༥ ལོའི་ཟླ ༡༡ པའི་ཚེས ༡༣ ཉིན་གྱི་དགུང་མོ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཧཱུཾ་ཀར་རྡོ་རྗེ་ལས་རིགས་ལག་རྩལ་སློབ་གྲྭའམ་དགའ་བདེ་རྫོང་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་དུ༼དགའ་བདེའི་སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་ཡར་སྐུལ་ཆེད་གླེང༽དེ་ད་ལོའི་མཐར་ཕྱིན་སློབ་མ་རོལ་དབྱངས་དམར་བོ་དང་ལྗང་གུ་སོགས་ཀྱིས་དངོས་སུ་བསྡུས།  ཐེངས་འདིའི་ཚོགས་ཞུགས་མཁས་དབང་སྟག་སུག་ནོར་བུ་ཚེ་རིང་དང་། མགར་ཚངས་སྲས་རོལ་དབྱངས། གསོ་རིག་ཆེད་མཁས་པ་འབྲོང་སྐྱེས་མཁར་འབུམ་ཡག དབའ་ཤུལ་འཇམ་དབྱངས་མཚོ་དང་། དབལ་རྣམ་སྣང་། སྐད་གཉིས་སྨྲ་བ་ཚེ་དབང་རིག་འཛིན་དང་། ཇོ་ཡུ་ཚུལ་ཁྲིམས་སོགས་ཡོད།

   སློབ་གཉེར་བ་ཞིག་ཡིན་ཕྱིན་རང་ལ་དུས་རྒྱུན་དྲི་བ་གསུམ་ཡོད་དེ། 1རང་ཅི་ཞིག་ལ་འོང་བ་དང་། 2རང་གིས་ཅི་ཞིག་སྒྲུབ་དགོས་པ་དང་། 3རང་ལ་ཅི་ཞིག་ཐོབ་དགོས་པ།

༡ ཁྱོད་ཀྱི་ལྟག་རྒྱབ་ཏུ་ཅེར་བའི་རེ་འདུན་དང་ཡིད་ཆེས་ཀྱིས་ཁེངས་པའི་མིག་ཟུང་དེ་ནམ་ཡང་དྲན་དགོས་པའི་སྟེང་ནས་ངོ་ཚ་ཁྲེལ་ཡོད་ཀྱི་བློ་གཏད་ཡོད་དགོས་པ།

༢ དཀའ་བའི་ལས་མ་བྱས་ན་ཞིམ་པའི་ཟས་མི་རག་ཅེས་པའི་ལེགས་བཤད་ལས་གྲུབ་འབྲས་གང་ཡང་དཀའ་སྤྱད་ཀྱི་ཁྲོད་ནས་ལེན་དགོས་པ་ཤེས་སུ་འཇུག་རྒྱུ།

༣ སློབ་སྦྱོང་གཙོ་གནད་དུ་བཟུང་སྟེ་ཀུན་སྤྱོད་ཚད་གཞི་རུ་འཛིན་པའི་འདུ་ཤེས་དེའང་། ངས་མི་བཤད་རྟ་རྒན་གྱིས་བཤད་ཟེར་བའི་ཁ་དཔེ་དེའི་སྟེང་ནས་ཤེས་དགོས་པ།

༤ གཞན་ལ་ཧེབ་ལང་སྟེ་རང་ཉིད་ཁྱད་དུ་མི་གསོད་པར་བྱ་བ་གང་ཡང་མགོ་བརྩམ་པ་ནས་མཇུག་ངེས་པར་དུ་འཁྱོངས་ཐུབ་པའི་དམ་བཅའ་དང་བཟོད་བསྲན་སྒོམ་དགོས་པ་ལས་གཞན་གྱི་མིག་མདུན་ནས་ངོ་ཚ་དང་ལ་རྒྱ་མི་འཆོར་བ།

 ༦ རང་མི་ཞིག་ཡིན་པའི་ཆ་ནས་རང་ས་གནས་ཀྱི་སློབ་གསོ་དང་ཕྱོགས་གཞན་ནས་ཡོང་བའི་སློབ་གྲོགས་ལ་མིང་སྲིང་ལྟར་དགའ་དགའ་བྱེད་པ་དང་ཁོག་རྒྱ་ཆེ་ཆེ་བྱེད་དགོས་པ།

 ༥ མི་དང་དུད་འགྲོ་འབྱེད་བྱེད་ཀྱི་གཞི་ཚད་ལྡན་དང་། བླུན་པོ་དང་རྨོངས་པ་འབྱེད་བྱེད་ཀྱི་ཕུགས་བསམ་ཡང་དག་ཅིག་ཡོད་དགོས་པ།

༦ མདོར་ན་ཡར་བྱ་དང་མར་བྱ་ཟེར་ནའང་འདྲ། གང་ཞིག་བླང་བྱ་དང་དོར་བྱ་ཡིན་པ་ལ། དབྱེ་ཞིབ་གསལ་བོ་མི་བྱེད་པར་རི་བོང་ཅལ་འདྲོགས་ཀྱིས་བླུན་པོ་གྲག་པའི་རྗེས་སུ་མི་འབྲངས་པ་གལ་ཧ་ཅང་གིས་ཆེ་བ། །

 ༧  སློབ་བྱོལ་བ་མང་སོང་བ་དང་། རྩེད་མོ་ལ་དགའ་ཆེས་པ། འཁོན་རྡུང་རེས་དང་མགོ་ཡང་བྲོད་ཆུང་གི་བྱ་བ་མང་མི་ཉན་པ་བཅས་ནི་ངེས་པར་དུ་ངོས་ཟིན་དགོས་པའི་སྐྱོན་དང་གནད་དོན་དུ་ཐག་ཆོད་བྱུང་།

ཚོགས་ཐོག་ཏུ་དགེ་རྒན་རྣམ་པས་གསུང་བཤད་གནང་བཞིན་པ།

ཚོགས་རའི་ཡུལ་དངོས།

༢༠༡༥-༡༡-༡༢-༢༠-༨ཀྱི་སྟེང་དུ་ཚོགས་འདུའི་ནང་དོན་རགས་བསྡུས་ཇོ་ཡུ་ཚུལ་ཁྲིམས་ཀྱིས་སྤྱི་སྡོམ་བྱས།

འཕྲིན་གཏོང་བ། སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་སེར་སྐོར་འཇམ་ཚེ་ཡིན། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-13 ལྟ་ཀློག (4711)