མང་ཚོགས་ཀྱིས་མ་རྐང་བཞག་སྟེ་ལྷ་དར་བཟོ་གྲྭ་བཙུགས།

ཚོང་འཕྲིན་གསར་བ།


      རྒྱུས་ལོན་བྱས་པ་ལྟར་ན་སྤྱི་ལོ༢༠༡༥ལོའི་སྤྱི་ཟླ་༡༡པའི་ཚེས་༡༢ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མའི་ལྷ་དར་མི་རིགས་ཐོན་རྫས་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་གིས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཁ་བཏགས་སམ་ལྷ་དར་གྱི་རིགས་སྣ་ཚོགས་རྒྱ་ཆེའི་འཛད་སྤྱོད་པའི་དགོས་རེ་བཞིན།  བཀྲ་ཤིས་རྟགས་བརྒྱད་ཅན་གྱི་ལྷ་དར།  རྒྱལ་སྲིད་སྣ་བདུན་ཅན་གྱི་ལྷ་དར་སོགས་མདོར་ན་བོད་ཀྱི་མཐུན་གཉེར་ཁང་དག་གི་བྱེད་སྒོ་སྣ་མིན་གྱི་ལེགས་སྐྱེས་དང་།  དགོན་སྡེའི་རྟེན་བཞེངས་ལེགས་གྲུབ་སོགས་ལ་ཆེད་དམིགས་སུ་སྟེང་དུ་ཡི་གེ་དང་རྟགས་སོགས་མངགས་བཟོ་བྱ་ཐུབ་པས་ལྷ་དར་རྟགས་ཅན་གྱི་ཁ་བཏགས་ཉོ་བར་དགའ་བསུ་བྱེད་བཞིན་པར་མ་ཟད་རྒྱ་ཆེའི་ཚོང་ཁྲོམ་དུ་འགྲེམ་འཚོང་བྱེད་འགོ་ཚུགས།

      ད་དུང་ཚོང་ཁྲོམ་དུ་རྒྱུག་ཆེ་བའི་ཁ་བཏགས་སྣ་མིན་དང་བསྡུར་ན་རིན་གོང་སླ་ཞིང་སྡེབ་ཉོ་བྱས་ན་ཕབ་བཅག་བྱ་བཞིན་ཡོད་འདུག   ཁ་བཏགས་གང་ཞིག་ཡིན་རུང་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་དགོས་ན།  ངེས་པ་དེ་ཉིད་ཁེ་ལས་ཀྱི་རྣམ་པའི་ཐོག་ནས་རྒྱུད་འཛིན་བྱ་འོས་པར་བརྟེན། ད་ཐེངས་ཞོལ་མའི་མང་ཚོགས་རྣམས་ཀྱིས་མ་རྐང་བཞག་སྟེ། "མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མའི་ལྷ་དར་མི་རིགས་ཐོན་རྫས་ཚད་ ཡོད་འགན་ལེན་ཀུང་ཟི་"ཞེས་པ་དངོས་སུ་ལེགས་འགྲུབ་བྱུང་ཡོད་པ་མང་ཚོགས་རང་ངོས་ ནས་ཀྱང་འབྱོར་ཕྱུག་ལྡན་པའི་ལམ་ཁ་གསར་བ་ཞིག་བསྐྲུན་པ་ཅིའི་མ་ཡིན།  

      འདི་ནས་འདོན་སྤེལ་བྱས་པའི་ལྷ་དར་རྣམས་ནི་རྒྱུ་སྤུས་དང་དར་ཚད་གང་གི་ཐད་ནས་ཀྱང་ཕུལ་བྱུང་གི་ཁྱད་ཆོས་ཐོན་ཡོད་པས་རྒྱལ་ཕྱི་ནང་གི་སྤུན་ཟླ་རྣམ་པས་ཚོང་འབྲེལ་ཡོད་པར་ཞུ་བ་དང་།  སླད་མར་སིལ་ཚོང་དང་སྡེབ་ཚོང་གི་དགོས་མཁོ་ཡོད་མཁན་དག་གིས་དུས་ལྟར་གཤམ་གྱི་ཁ་པར་ཨང་གྲངས་བརྒྱུད་ནས་འབྲེལ་གཏུགས་བྱ་ཆོག་པར་བཤད།

འབྲེལ་གཏུགས་བྱེད་ས།

འཕགས་པ་རྒྱལ།13909749997

གངས་སེང་ནོར་བུ།15597090222

ཕག་མོ་ཚེ་བརྟན།18946881117

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མའི་ལྷ་དར་མི་རིགས་ཐོན་རྫས་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་


རྩོམ་སྒྲིག་འགན་འཁུར་བ།   མགར་ཉི་ཟེར།  འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-11-12 ལྟ་ཀློག (6055)