སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་ཕྱི་རྒྱལ་གྱི་མཛད་རིམ་གནས་ཚུལ། ​


 སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་ཕྱི་རྒྱལ་གྱི་མཛད་རིམ་གནས་ཚུལ། 

  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཁེ་ན་ཌའི་ཡའོ་ཁེ་སློབ་ཆེན་གྱིས་གདན་འདྲེན་ཞུས་པ་ལྟར་སློབ་ཆེན་དེར་དངོས་སུ་ཕེབས་ནས་༼བྱམས་བརྩེ་སྙིང་བོར་བྱས་པའི་བོད་ཀྱི་ཐུན་མིན་སློབ་གསོ་གླེང་བ།༽ཞེས་པའི་ཁ་བྱང་སྟེང་ནས་༡བོད་ཀྱི་སློབ་གསོའི་བྱུང་འཕེལ།༢ བོད་ཀྱི་སློབ་གསོའི་ལྟ་བ། ༣བོད་ཀྱི་སློབ་གསོའི་དམིགས་ཡུལ། ༤བོད་ཀྱི་སློབ་གསོའི་ཐབས་ལམ།  ༥ བོད་ཀྱི་སློབ་གསོའི་ཁྱད་ཆོས། ༥བོད་ཀྱི་སློབ་གསོའི་གྲུབ་འབྲས། ༦ བོད་ཀྱི་སློབ་གསོའི་སྨོན་པ་བཅས་ཚན་པ་ལྔའི་སྟེང་ནས་གསུངས་བཤད་གནང་བར་སློབ་གྲྭ་ཆེན་མོ་དེའི་སློབ་གཙོ་དང་ཆེད་མཁས་དགེ་རྒན་འབུམ་རམས་སློབ་མ་མང་བོར་འཆད་ཁྲིད་ལ་ཞུགས།  མཇུག་ཏུ་སློབ་གླིང་དེ་གའི་སློབ་གཙོ་དང་སློབ་དཔོན་ཆེན་མོ་དྲུག  འབུམ་རམས་པ་བཞི་བཅས་ཀྱིས་དྲི་བ་བཏོན་པར་ལན་གནང་བས་ཐམས་ཅད་དགའ་བསུ་བླ་མེད་ཐོབ།  མེ་འཁོར་འབབ་ཚིགས་དང་གནམ་གྲུའི་འབབ་ཚིགས། གྲོང་ཁྱེར་གྱི་བཞི་མདོ་ཀུན་ལ་ཁོང་གི་གསུང་བཤད་གནང་བའི་ཡུལ་དངོས་གནས་ཚུལ་རྣམས་ཁྱབ་བསྒྲགས་བརྙན་ཐུང་བཏང་འདུག 








 

འཕྲིན་གཏོང་བ། དགེ་རྒན་གྱི་ལིང་འཇིགས་མེད།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-10 ལྟ་ཀློག (18681)