མི་ཁྱི་ལ་མི་དོ་བའི་ངོ་མཚར་གསར་འགྱུར། ​

 མི་ཁྱི་ལ་མི་དོ་བའི་ངོ་མཚར་གསར་འགྱུར། 

  ཉེ་ཆར་ལྷོ་ཨ་མི་རི་ཀའི་ཡུལ་བ་རཱ་ཛིལ་ཞེས་པའི་རྒྱལ་ཁབ་དེ་ནས་བུད་མེད་ཅིག་གིས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་བཙས་མ་ཐག་སྙིང་རྗེ་ཅུང་ཙམ་མེད་པར་སྲང་བར་ཞིག་གི་གད་སྙིགས་ཀྱི་འགྲམ་ལ་གཡུག་ནས་སོང་ཞིང་། བློ་ཡུལ་ལས་འདས་བ་ཞིག་ལ་དེ་མ་ཐག་དུད་འགྲོ་སྒོ་ཁྱི་ཞིག་གིས་མཐོང་སྟེ་བཙས་མ་ཐག་པའི་བྱིས་བ་དེ་རང་གིས་ཁ་ནང་ལ་འཇམ་པོར་བཟུང་སྟེ་ཁྱིམ་ཚང་ཞིག་གི་སྒོ་རྩར་ཡོང་ནས་ཧ་ཅང་རྩ་ཆེ་བའི་ལེགས་སྐྱེས་ཅི་ཞིག་ཁྱེར་ཡོང་བའི་ཉམས་དང་བཅས་འདུག་པ་མཐོང་བས་ཁྱིམ་མི་ཚང་མ་ཧ་ལས་པར་གྱུར། ཁྱིམ་ཚང་དེས་དེ་མ་ཐག་ཉེན་རྟོག་པར་བརྡ་བརྒྱབ་ནས་སྨན་ཁང་དུ་ཁྱེར་བས་སྟབས་ལེགས་པ་ཞིག་ལ་བཙས་མ་ཐག་པའི་བྱིས་པ་དམར་འབྱར་དེ་སྲོག་ཉེན་ལས་སྐྱོབ་ཐུབ་པ་བྱུང་། 


གསར་འགྱུར་མཁོ་སྤྲོད་པ། བསྟན་འཛིན་སེང་གེ།




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-04 ལྟ་ཀློག (23056)