​དགུང་ལོ་༩༧ སྟེང་དུ་མཐོ་སློབ་མཐར་ཕྱིན་པའི་སློབ་མ།


 དགུང་ལོ་༩༧ སྟེང་དུ་མཐོ་སློབ་མཐར་ཕྱིན་པའི་སློབ་མ། 

           སྤྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡ ཉིན་ཨ་རིའི་མངའ་སྡེ་མེ་ཤེ་གྷན་(Michigan) མཐོ་སློབ་ནས་བུད་མེད་ལོ་ ༩༧ ལོན་པ་ཞིག་ལ་མཐོ་སློབ་མཐར་ཕྱིན་པའི་ལག་འཁྱེར་སྤྲད། མར་གྷ་རི་ཏི་ ཐོ་མེ་ བྷེ་ཀེ་མ་(Margaret Thome Bekema) སྤྱི་ལོ་ ༡༩༣༦  ལོ་མཐོ་སློབ་ཏུ་གོམ་པ་སྤོས། འོན་ཀྱང་མཐོ་སློབ་ལོ་དང་པོ་ནས་སྐྲན་ནད་ཀྱིས་གདུང་བའི་ཨ་མ་བདག་སྐྱོང་ཆེད་སློབ་གྲྭར་འགྲོ་མ་ཐུབ། ད་ལོའི་དབྱར་ཀར་མོའི་སྤུན་ཉེ་རྣམས་ཀྱིས་སློབ་གྲྭར་འབྲེལ་བ་བྱས་ཏེ། ཁོ་མོའི་དངོས་སྒྲུང་གསལ་བརྗོད་བྱས་བར། སྤྱི་ཟླ་ ༡༠ ཚེས་ ༢༩ ཉིན་བྷེ་ཀེ་མ་ལ་མཐོ་སློབ་ལག་འཁྱེར་རག་པར་སྤུན་ཉེ་དང་གྲོགས་པོ་གྲོགས་མོ་ཀུན་གྱི་མདུན་ནས་མོའི་མིག་ཆུ་དབང་མེད་དུ་བརྡོལ་བཞིན་"ངས་ཇི་ལྟར་ཐུགས་རྗེ་ཆེ་ཞུ་དགོས་པ་ཡང་མི་ཤེས་པར་གྱུར། དགོངས་དག་ཞུ། ང་བྱིས་པ་ཙམ་རེད་"ཟེར། ཡིན་ན་ཡང་བྷེ་ཀེ་མ་རང་གི་དམིགས་ཡུལ་ལྟར་ལོ་མང་ཡེ་ཤུའི་དགོན་པ་ཞིག་ཏུ་དགེ་རྒན་བྱས་རྗེས། ལས་འཁྱུར་ངལ་གསོ་བྱས་ནས་ལོ་མང་ཕྱིན་ཡོད། 





གསར་འགོད་པ།   འཇམ་དབྱངས་དཀར་པོ།

གསར་འགྱུར་མཁོ་སྤྲོད་པ། བླ་ནག་སྐལ་ལྡན་རྒྱ་མཚོ།




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-03 ལྟ་ཀློག (5244)