མདོ་སྨད་མཚོ་ལྷོའི་འཇང་དགུན་ཆོས་ཆེན་མོ་ཐེངས་བཅུ་གཉིས་པ་རུ་སྔུན་གྲྭ་ཚང་དུ་ཚོགས་པ།


  མདོ་སྨད་མཚོ་ལྷོའི་འཇང་དགུན་ཆོས་ཆེན་མོ་ཐེངས་བཅུ་གཉིས་པ་རུ་སྔུན་གྲྭ་ཚང་དུ་ཚོགས་པ། 

    མཚོ་ལྷོ་ཁུལ་ཐེངས་བཅུ་གཉིས་པའི་འཇང་དགུན་ཆོས་ཆེན་མོ་མདོ་སྨད་མང་རྫོང་མགོ་མང་གྲོང་བརྡལ་རུ་སྔུན་གྲྭ་ཚང་དུ་སྤྱི་ལོ་༢༠༡༥་ལོའི་སྤྱི་ཟླ་༡༡ཚེས་༢ཉིན་འགོ་བཙུགས་པའི་མཛད་སྒོ་དང་བཅས་དངོས་སུ་ཚོགས་ཤིང།  གསར་འགོད་པས་འཇང་དགུན་ཆོས་གཙོ་སྒྲུབ་ཚན་ཆུང་ནས་རྒྱུས་ལོན་བྱས་པ་ལྟར་ན་ཐེངས་འདིའི་འཇང་དགུན་ཆོས་ལ་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་དགོན་པ་ཉེར་ལྔ་ནས་ཕེབས་པའི་བླ་མ་དགེ་བཤེས་བཅས་གྲྭ་བ་ཉིས་བརྒྱ་ལྷག་ཞུགས་གནང་མཛད་ཡོད་ལ། འཚོགས་ཡུན་ཉིན་ལྔ་ཡིན། 
ཉིན་དང་པོའི་རྩོད་མཚམས་མཆོད་བརྗོད།  དམ་བཅའ་བ་རུ་སྔུན་གྲྭ་ཚང་།  རིགས་སློང་བ་འཁྱམས་རུ་དགོན།
ཉིན་གཉིས་པའི་རྩོད་མཚམས་འབྲས་རྟགས།  དམ་བཅའ་བ་མཚམས་ཐོག་ཞོལ་མ་དང་ཁྲི་ཀ་དགོན། རིགས་སློང་བ་མཐོ་ལས་དགོན། 
ཉིན་གསུམ་པའི་རྩོད་མཚམས་འབྲེལ་བ།  དམ་བཅའ་བ་ཆོས་སྒང་དགོན།  རིགས་སློང་བ་ཐར་ཤུལ་དགོན།  
ཉིན་བཞི་བའི་རྩོད་མཚམས་གཞན་སེལ།  དམ་བཅའ་བ་གཙང་དགོན།  རིགས་སློང་བ་གསེར་ལག་དགོན།
ཉིན་ལྔ་བའི་རྩོད་མཚམས་སྟོན་པ་ཚད་སྒྲུབ།  དམ་བཅའ་བ་ཆོས་སྒང་དགོན།  རིགས་སློང་བ་གཙང་དགོན། 

དམ་བཅའ་བས་ཁས་ལེན་འཛིན་བཞིན་པ། 

རིགས་སློང་བས་རྟགས་གསལ་གཏོང་བཞིན་པ། 

དགོན་སྡེ་སོ་སོ་ནས་ཕེབས་པའི་དགེ་འདུན་འདུས་པ་རྒྱ་མཚོའི་སྡེ། 

འཕྲིན་གཏོང་བ། སྐབས་བཞི་བའི་མཐར་ཕྱིན་སློབ་མ་སྤྲེལ་ཉི་མ་རྒྱལ་མཚན་ཡིན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-02 ལྟ་ཀློག (5299)