མི་224བསྡད་ཡོད་པའི་གནམ་གྲུ་ཞིག་ས་རུ་ལྷུང་བ།


མི་224བསྡད་ཡོད་པའི་གནམ་གྲུ་ཞིག་ས་རུ་ལྷུང་བ

རྒན་གྱའི་ཤ་བོ་ཚེ་རིང་གིས་རྒྱ་ཡིག་གི་དྲ་ཐོག་གསར་འགྱུར་གཞིར་བཟུང་ནས་བྲིས།
   ཟླ་འདིའི་ཚེས་30ཉིན་ནང་ལ་མི་224བསྡད་ཡོད་པའི་གནམ་གྲུ་ཞིག་ས་རུ་ལྷུང་སོང་།དེ་ནི་ཨེ་ཅིབ་ནས་ཨུ་རུ་སུའི་གྲོང་ཁྱེར་ཆེན་པོ་ཧྲིན་པོ་ཏི་པོ་ལ་འཕུར་བཞིན་པའི་གནམ་གྲུ་ཞིག་ཡིན་པ་དང་། ཨེ་ཅིབ་ཀྱི་ཞི་ནེ་ཕྱེད་གླིང་དུ་ལྷུང་བར་བཤད་ལ། དེའི་སྟེང་བསྡོམས་པས་མི་224ཡོད་པ་ཚང་མ་ཨུ་རུ་སུའི་འབངས་མི་རེད་ཟེར།
ལོའི་ཐུའོ་གསར་ཁང་ 路透社 ནས་བསྒྲགས་པ་ལྟར་ན།ཨེ་ཅིབ་ཀྱི་འཚོལ་སྐྱོབ་རུ་ཁག་ཅིག་གིས་གནམ་གྲུ་ལྷུང་ས་དེ་ཞི་ནེ་ཕྱེད་གླིང་གི་ཧ་སང་ན་ཟེར་བའི་ས་ཁུལ་ཅིག་ཡིན་པ་ཤེས་ཡོད་པ་དང་། གཞན་ཡང་། གནམ་གྲུ་དེ་ལེ་ཏ་ཡི་ཐོག་ནས་བརྡ་རྟགས་ཆད་དེ་ཡལ་སྐབས་ཀྱི་འཕུར་བསྐྱོད་མཐོ་ཚད་ནི་དབྱིན་ཁྲེ་31000རེད་ཅེས་བཤད་ཡོད་པ་རེད།

ཨེ་ཅིབ་གསར་འཕྲིན་ནས་བསྒྲགས་པ་ལྟར་ན། གནམ་གྲུ་ལྷུང་སར་ཚོད་དཔག་བྱེད་བཞིན་པའི་ས་ཆ་དེ་ནི་ཧ་ཅང་མཐའ་ཁོབ་ཀྱི་རི་ཁུལ་ཅིག་ཡིན་པས། འཚོལ་སྐྱོབ་ཀྱི་བྱ་བར་དཀའ་ཁག་ཆེན་པོ་འཕྲད་སྲིད་པ་རེད་ཟེར།འཕྲིན་ལམ་གཞན་ཞིག་ནས་ཨེ་ཅིབ་ཀྱིས་མྱུར་སྐྱོབ་རླངས་འཁོར་45མངགས་ཡོད་པ་དང་། རི་ཁུལ་དེ་ནས་གནམ་གྲུའི་ཆག་རོ་ཁ་ཤས་ཀྱང་རྙེད་འདུག། ད་རུང་BBCགསར་འཕྲིན་ནས་བསྒྲགས་པ་ལྟར་ན། མི་སྣ་གསོན་པོ་ཞིག་རྙེད་རྒྱུ་ནི་ཕལ་ཆེར་དཔེ་མི་སྲིད་པ་འདྲ་ལ། ཨེ་ཅིབ་ཙུང་ལི་ཡིས་ནང་སྲིད་བློན་ཆེན་གྱི་བྲེལ་མྱུར་ཚོགས་འདུ་བསྐོང་འཚོགས་བྱས་འདུག་ཟེར། འབྲེལ་ཡོད་རྒྱུ་ཆ།1、གནམ་གྲུ་དེ་བཀོལ་ལོ་18ཡིན་པ། 2、ལྷུང་ས་རི་ཁུལ་ཡིན་པ་དང་། གནམ་གཤིས་མི་ལེགས་པས། སྐྱོབ་མི་ལས་ཡུལ་དངོས་ལ་ཐར་དཀའ་བ།3、གནམ་གྲུའི་ཐོག་མི་224ཡོད་པ་ཚང་མ་ཨུ་རུ་སུའི་མི་ཡིན་པ་དང་། དེའི་ནང་ན་བྱིས་པ་17ཡོད་པ།4、གནམ་གྲུའི་འགོ་བས་དོན་དག་མ་བྱུང་བའི་སྔོན་ལ་གནམ་གྲུར་སྐྱོན་ཞིག་ཡོད་པས་ཁ་ཕྱོགས་བསྒྱུར་ཏེ་ཁེ་ལོ་གནམ་ཐང་ལ་འབབ་པའི་རེ་བ་བཏོན་མྱོང་ཡོད་པ།5、གནམ་གྲུའི་ཆག་རོ་རྙེད་བཞིན་ཡོད་པ།6、གནམ་གྲུ་འདི་འཕུར་མདའ་སོགས་ཀྱིས་ས་རུ་འཕང་བའི་རྗེས་ཤུལ་ཅི་ཡང་རྙེད་མེད།གནས་ཚུལ་ཕྲ་ཞིབ་ཤེས་འདོད་ན་གསར་ལམ་ཁག་ལ་གཟིགས་པར་འཚལ་ལོ། ། 




གསར་འགྱུར་མཁོ་སྤྲོད་པ། ། སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་གཉན་བུ་ཡིན།




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-11-01 ལྟ་ཀློག (4382)