​༢༠༡༥.༡༠.༢༤ཉིན་གྱི་སློབ་གླིང་གསར་འགྱུར།

          

༢༠༡༥.༡༠.༢༤ཉིན་གྱི་སློབ་གླིང་གསར་འགྱུར།

   དེ་རིང་སྟེ་རེས་གཟའ་སྤེན་པའི་སྤྱི་སྡོམ་སྟེང་སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་དགེ་སློབ་ཡོངས་ལ་སློབ་གྲྭའི་སྒྲིག་ལམ་སྤྱི་དང་དམིགས་བསལ་སློབ་མའི་ཆ་ལུགས་དང་ཀུན་སྤྱོད།  བསམ་བློ།  ཕ་སྐད་གཙང་བཤད་སོགས་ཀྱི་ཐད་ནས་སྔར་ལས་ལྷག་པའི་ཤུགས་སྣོན་བྱ་དགོས་ཚུལ་སྐོར་གྱི་བཀའ་སློབ་བླ་མེད་བསྩལ་ཅིང་།  སློབ་གཙོ་རྒན་པ་གཅོད་པ་ཚེ་རིང་ལགས་ཀྱིས་དཀྱིལ་རྒྱུགས་ཀྱི་དུས་ཚོད་གསལ་བསྒྲགས་དང་།  སློབ་གཙོ་གཞོན་པ་བློ་བཟང་ཉི་མ་ལགས་ཀྱིས་གཟའ་མཇུག་གི་སྐུ་རིམ་དང་ངལ་རྩོལ་གྱི་བྱ་བར་བཀོད་སྒྲིག་མཛད།  མཇུག་ཏུ་སློབ་དཔོན་ལྡོང་ཏན་རྒྱ་མཚོ་མཆོག་གིས་སྐབས་ཉེར་གཅིག་པའི་ལུས་རྩལ་འགྲན་ཚོགས་ཆེན་མོའི་སྟེང་བྱ་དགའ་ཨང་དང་བོ་སོགས་ལེན་མཁན་གྱི་འཛིན་གྲྭ་རྣམས་ལ་གཟེངས་རྟགས་གནང་སྟེ་གཟའ་འཁོར་འདིའི་བྱ་བར་སྤྱི་སྡོམ་གང་ལེགས་མཛད་པ་བཅས་སོ།།


(གསར་འགོད་པ།  བླ་ནག་པ་སྐལ་ལྡན་རྒྱ་མཚོ།) 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-24 ལྟ་ཀློག (3869)