གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར།

 

གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར།

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སློབ་གྲྭ་ཐོག་མ་སྟེ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭས་གཟའ་འཁོར་སྔོན་མ་སྟེ་སྤྱི་ལོ་༢༠༡༥་ལོའི་སྤྱི་ཟླ་༡༠་བའི་ཚེས་༡༥་རེས་གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོར་རྒྱུན་སྐྱོང་བཞིན་པའི་ཤེས་རིག་འགྲན་གླེང་སྐབས་གོ་དགུ་བ་འཚོགས་ཤིང་།  ཤེས་རིག་འགྲན་གླེང་ཁྲོད་འཛིན་གྲྭ་རེ་རེའི་འཐུས་ཚབ་སློབ་མ་ཟབ་ཞུགས་བྱས་ཏེ་སྐད་རིགས་འགྲན་བསྡུར་དང་།   རྩོམ་རིག་འགྲན་བསྡུར།   མཛེས་རྩལ་འགྲན་བསྡུར།    ཁ་མཚར་འགྲན་བསྡུར། རིག་རྩལ་འགྲན་བསྡུར།   ཁ་ལྕེ་གང་མྱུར། སྐབས་བབ་སྦྱངས་བྱ་སོགས་ཀྱི་འགྲན་བསྡུར་དངོས་སུ་བསྡུས་པ་དང་།  དགེ་རྒན་རྣམས་ཀྱིས་དཔྱད་འདེམས་བྱས་པ་བརྒྱུད་ཐེངས་འདིའི་བྱ་དགའ་ཨང་དང་བོ་མཐོ་རིམ་འཛིན་གྲྭར་ཐོབ།

 

 

   ༢༠༡༥་ལོའི་སྤྱི་ཟླ་༡༠་བའི་ཚེས་༢༢་ཉིན་སློབ་གྲྭའི་སློབ་ཕྱིའི་བྱ་འགུལ་སྟེ་མཐུན་སྒྲིལ་རྟགས་མའི་སྤོ་ལོ་འགྲན་སྡུར་སྐབས་དང་བོ་བསྡུས།    ཐེངས་འདིའི་འགྲན་བསྡུར་ཁྲོད་མཐར་ཕྱིན་འཛིན་གྲྭ་དང་མཐོ་རིམ་འཛིན་གྲྭ།  འབྲིང་རིམ་འཛིན་གྲྭ། དམའ་རིམ་འཛིན་གྲྭ་བཅས་དངོས་སུ་ཞུགས་པ་དང་། འཛིན་གྲྭ་རེ་ནས་སློབ་གྲོགས་བརྒྱད་རེ་བདམས་ཡོད། ཐེངས་འདིའི་དཔྱད་འདེམས་པ་སློབ་གྲྭའི་སློབ་སྟོན་ཁང་གི་དགེ་རྒན་རྡོ་རྗེ་སོགས་ཀྱིས་དཔྱད་འདེམས་བྱས་པ་བརྒྱུད་བྱ་དགའ་ཨང་དང་བོ་མཐོ་རིམ་འཛིན་གྲྭར་ཕུལ་ཏེ་ཐེངས་འདིའི་འགྲན་བསྡུར་གྱི་མཇུག་བདེ་ལེགས་ངང་གྲུབ་པར་བྱས་སོ།།



 གསར་འགྱུར་མཁོ་སྤྲོད་པ།   རྒྱ་འདུ་སངས་རྒྱས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-10-22 ལྟ་ཀློག (15179)