​གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་འཕྲིན།

 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་འཕྲིན། 

   དེ་ཡང་སྤྱི་ལོ2014ལོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་ཉི་ཤུ་འཁོར་བར་དགའ་སྟོན་གྱི་མཛད་སྒོ་སྤེལ་ཅིང་། མཛད་སྒོའི་སྔོན་འགྲོ་ལ་བོད་ཁུལ་གྱི་བླ་མ་དགེ་བཤེས་དང་། སློབ་དཔོན་ཆེན་མོ་སོགས་མཁས་དབང་མང་བོ་གདན་འཛོམས་ཏེ་༼ཐོན་མིའི་སློབ་གསོ།༽ཞེས་པའི་བགྲོ་གླེང་ཚོགས་འདུ་འཚོགས། མཁས་དབང་རྣམ་པས་རང་རང་གི་དཔྱད་རྩོམ་ལྟར་ཚོགས་ཐོག་ནས་བགྲོ་གླེང་གནང་བ་ལ། མཁས་པ་མང་ཤོས་ཀྱིས་དཔྱད་རྩོམ་གསར་བ་རེ་ཕྱག་རྩོམ་གནང་ཡོད་པས་ང་ཚོས་དཔྱད་རྩོམ་དེ་དག་ཕྱོགས་བསྒྲིགས་ཀྱིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་ཞུས་པ་ཡིན། ཁ་སང་ཕྱི་དྲོར་ཀན་སུའུ་ཞིན་ཧྭ་དཔར་ཁང་ནས་དངོས་སུ་དཔར་ཏེ་སྒོར་བུད་ཡོད་པས། རེ་ལྟོས་འཆའ་བའི་ཀློག་མཁན་གྲོགས་པོ་རྣམ་པས་དུས་ལྟར་བླུ་བར་དགའ་བསུ་ཞུ། དེབ་འདིར། མཁས་དབང་བཙན་ལྷ་ངག་དབང་དང་། དཔྱི་ས་ཡོན་ཏན། སྒང་བ་རྒྱ་ནག་པ། སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ། ལྡོང་ཡོན་ཏན་རྒྱ་མཚོ། མང་རའི་རྒྱ་གྲོལ། སྒོམ་པ་བཀྲ་ཤིས། བསོད་ནམས་ཚེ་རིང་། ཟམ་ཚ་ཚེ་རིང་དོན་གྲུབ། སྨན་པ་ཚེ་བཀྲ། སྨན་པ་སྐལ་བཟང་བཀྲ་ཤིས། སྡེ་རོང་ཚེ་རིང་དོན་གྲུབ། ས་ཡུལ་ཁྲོ་བོ་རྒྱལ་མཚན་སོགས་མཁས་དབང་བཅུ་ཕྲག་གསུམ་ལ་ཉེ་བའི་ཕྱག་རྩོམ་གསར་བ་རྐྱང་རྐྱང་བཀོད་ཡོད།  

འཕྲིན་གཏོང་བ།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད།



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-22 ལྟ་ཀློག (5170)