​བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་སློབ་ཚོས་དུ་གཅོད་བྱ་འགུལ་སྤེལ་བ།

 བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་སློབ་ཚོས་དུ་གཅོད་བྱ་འགུལ་སྤེལ་བ།

    སྤྱི་ལོ༢༠༡༥ལོའི་ཟླ ༡༠ ཚེས༡༣ ཉིན་བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་རྣམ་པས་དབུ་ཁྲིད་དེ་དགེ་སློབ་གཉིས་ཀས་དུ་བ་གཏན་གཅོད་ཀྱི་བྱ་འགུལ་སྤེལ་ཅིང་། དེ་ཡང་ས་པཎ་མཆོག་གིས་མཁས་གཙང་གཞན་ལ་ཕན་པར་འདོད་ཅེས་བླ་མའམ་དགེ་རྒན་གྱི་མཚན་ཉིད་བཞག་པ་བཞིན་ཁོང་ཚོས་རང་གི་སློབ་མར་བཅངས་པའི་ལྷག་བསམ་དང་འགན་འཁྲིའི་བསམ་པ་དྲག་པོས་རང་ཉིད་ནས་དབུ་བརྩམས་ཏེ་སློབ་མ་རྣམས་ལ་ལམ་གཙང་མ་ཞིག་སྟོན་པའི་དམ་བཅས་ཤིང་། མཚན་རྟགས་བཀོད། དེ་ནས་སློབ་མ་ཚོས་ཀྱང་སྙིང་ལ་སྤོབས་པ་བསྐྱེད། སེམས་ལ་དམ་བཅའ་བཀོད་ནས་འཛམ་གླིང་ཡངས་པོའི་ཁྱོན་ན་དུག་ལྟར་འཛེམས་པའི་དུ་བ་གཅོད་པར་རེ་རེ་བཞིན་མིང་རྟགས་ཕབ་ནས་སློབ་གྲྭ་འདིའི་དགེ་སློབ་གཉིས་ཀྱིས་བོད་ཁམས་ཡོངས་ལ་མིག་དཔེ་གསར་བ་ཞིག་བསྟན། 


དུ་བ་གཅོད་པའི་བྱ་འགུལ་སྤེལ་བཞིན་པ། 


དགེ་སློབ་གཉིས་ཀྱིས་དུ་བ་གཏན་གཅོད་ཀྱི་མིང་རྟགས་བཀོད་བཞིན་པ། 

དུ་བ་དང་གཏན་གྱེས་གནང་བ། 


ཕྲིན་གཏོང་བ།   སྐབས་བཅུ་བཞི་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་མ་ཆོས་སྐྱོང་རྒྱལ།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-16 ལྟ་ཀློག (5882)