གློག་བརྙན་༼ཐར་ལོ༽ཐོག་དང་བོ་བོད་དུ་སྤྱན་འབུལ་གནང་བ།​

 

གློག་བརྙན་༼ཐར་ལོ༽ཐོག་དང་བོ་བོད་དུ་སྤྱན་འབུལ་གནང་བ།

    སྤྱི་ཟླ་བཅུ་བའི་ཚེས་བཅོ་ལྔའི་དགུང་མོར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་༼ཐར་ལོ༽ཞེས་པའི་གློག་བརྙན་དེ་བོད་ཁུལ་ནས་ཐོག་དང་བོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དགེ་སློབ་སྟོང་ཕྲག་ལྷག་གི་གཟིགས་མོར་སྤྱན་འབུལ་གནང་ཞིང་།  མཇུག་ཏུ་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ཁོང་གིས་འཁྲབ་ཁྲིད་ཀྱི་བརྒྱུད་རིམ་མདོར་བསྡུས་ཤིག་ཀྱང་ངོ་སྤྲོད་གནང་བས་དགེ་སློབ་ལྷན་རྒྱས་ཀྱིས་དགའ་བསུ་བླ་མེད་ཐོབ།  

 


གློག་བརྙན་ཐར་ལོ་སྟོན་བཞིན་པ།


པད་མ་ཚེ་བརྟན་ལགས་ཀྱིས་གློག་བརྙན་ཐར་ལོ་དང་འབྲེལ་བའི་ཁ་བརྡ་གནང་བཞིན་པ།


དགེ་སློབ་ལྷན་རྒྱས་ཀྱིས་གློག་བརྙན་ཐར་ལོ་ལ་གཟིགས་བཞིན་པ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-16 ལྟ་ཀློག (9716)