གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཆེད་སྦྱོང་འཛིན་གྲྭ་གཉིས་གསར་དུ་བཙུགས་པའི་མཛད་སྒོ་སྤེལ་བ།

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཆེད་སྦྱོང་འཛིན་གྲྭ་གཉིས་གསར་དུ་བཙུགས་པའི་མཛད་སྒོ་སྤེལ་བ། 


    སྤྱི་ལོ་༢༠༡༥ལོའི་ཟླ་༡༠པའི་ཚེས་༡༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གླིང་རང་གི་གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭ་དང་ལུས་རྩལ་སྦྱོང་བརྡར་ཆེད་སྦྱོང་འཛིན་གྲྭ་གཉིས་ཀྱི་དབུ་འབྱེད་མཛད་སྒོ་བསྡུས་ཤིང་། ཚོགས་ཐོག་ཏུ་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་དང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་གཉིས་དབུ་བཞུགས་གནང་བར་མ་ཟད། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་དང་སྐྱེ་ཁམས་དང་འདབ་ཆགས་ཞིབ་འཇུག་པ་གྲགས་ཅན་འཇུ་བཀྲ་ཤིས་བཟང་བོ།  གཞན་ཧྭ་ཡས་ཐེབས་རྩ་ཚོགས་པའི་འགོ་གཙོ་སོན་ཨཱ་མས་དང་རྨ་ཆེན་རྫོང་སློབ་གསོ་ལས་ཁུངས་ཀྱི་འགོ་བ་སོགས་གདན་འདྲེན་ཞུས་པ་ལྟར་ཕེབས་ཤིང་གཏམ་གཤད་གལ་ཆེན་གནང་། ལྷག་པར་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭ་ལ་ཁོང་རང་ཉིད་ཀྱིས་ཆེད་ལས་དགེ་རྒན་གདན་འདྲེན་བྱས་ཏེ་སློབ་ཁྲིད་བྱེད་དུ་འཇུག་པ་སོགས་འཛིན་གྲྭ་གསོ་སྐྱོང་གི་བྱ་བར་ཤུགས་རྒྱག་རྒྱུ་ཡིན་པའི་སྐོར་ནས་གཏམ་བཤད་གནང་། 

  དགོང་མོར་ཤེས་རིག་ནོར་བུའི་སློབ་གླིང་གི་ཚོགས་ཁང་ཆེན་མོ་རུ་རྒན་པད་མ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གཡང་མདའ་དང་རྒན་བཀྲ་ཤིས་བཟང་བོ་ལགས་ཀྱི་གློག་བརྙན་བརྩམས་ཆོས་མི་ལ་ཙི་ཙི་ཞེས་པ་སོགས་འདི་གའི་དགེ་སློབ་ཀུན་གྱི་སྤྱན་ལམ་དུ་བསྟར་བར་མ་ཟད་ཁོང་གཉིས་ཀྱིས་རང་རང་གི་གློག་བརྙན་བརྩམས་ཆོས་དང་འབྲེལ་ཏེ་གསུང་བཤད་ཀྱང་གནང་ངོ་། །

སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་བཞིན་པ།


གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱིས་གསུང་བཤད་གནང་བཞིན་པ། 

སྐྱེ་ཁམས་དང་འདབ་ཆགས་ཞིབ་འཇུག་པ་གྲགས་ཅན་འཇུ་བཀྲ་ཤིས་བཟང་བོས་གཏམ་བཤད་གནང་བཞིན་པ། 

 གདན་ཞུའི་སྐུ་མགྲོན་རྣམས། 


ཚོགས་རའི་ཡུལ་དངོས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-10-15 ལྟ་ཀློག (5074)