གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་སྐབས་བརྒྱད་པའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།

 གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་སྐབས་བརྒྱད་པའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།
 
ཁྱིམ་བདག་ཚོགས་འདུ་དངོས་སུ་འཚོགས་པའི་དབུ་བརྩམས་པ།

 

ཚོགས་རའི་ཟུར་ངོས་ཤིག

    དེ་རིང་སྟེ་ཉིསསྟོང་བཅོ་ལྔ་ལོའི་ཟླ་བཅུ་བའི་ཚེས་བདུན་ཉིན་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་སྐབས་བརྒྱད་པའི་ཁྱིམ་བདག་ཚོགས་འདུ་བསྡུས་ཤིང་།ཞིང་ཆེན་མི་འདྲ་བ་དུ་མ་ནས་ཆེད་དུ་བཅར་བའི་ཁྱིམ་བདག་མང་བོ་རེ་ལྟོས་ཆེན་པོས་འབྱོར།   སློབ་སྲིད་ཁང་དང་འཛིན་གྲྭ་བཅུ་གཉིས་ཀྱི་འཛིན་བདག་དགེ་རྒན།  གཞན་ཁྲིད་བྱ་དགེ་རྒན་སོ་སོས་སློབ་མའི་སློབ་གསོ།  འཚོ་བ་དང་ཀུན་སྤྱོད།  སློབ་སྦྱོང་སོགས་ལས་འཕྲོས་ཏེ་ཁ་བརྡ་གསལ་དག་སྙན་གསུམ་གྱི་སྒོ་ནས་བྱས་པ་མ་ཟད།  བསླབ་གཞི་སོ་སོའི་སྐར་གྲངས་དང་སློབ་མ་རེ་རེ་གནས་ཚུལ་ཞིབ་རྒྱས་སུ་ཁྱིམ་བདག་རྣམ་ལ་བསྒྲགས་པས་རོང་འབྲོག་ཕྱོགས་ཀྱི་ཁྱིམ་བདག་ཡི་གེ་མི་ཤེས་པ་མང་བོས་རང་གི་བྱིས་པའི་གནས་ཚུལ་གསལ་བོར་ཤེས་པས་ཁྱིམ་བདག་དག་གི་ཁྲོད་དུ་བཀའ་དྲིན་ཆེ་ཞེས་ཐུགས་རྗེ་ལེགས་འབུལ་ཞུ་མཁན་ཡང་བྱུང་།
     གཞན་ཁྱིམ་བདག་གི་འཐུས་ཚབ་ལྡོང་ནོར་སྡེ་ལགས་ཀྱིས་རྒྱལ་ནང་དང་གཞི་རིམ་ཁག་ཏུ་སློབ་གྲྭ་ཧ་ཅང་མང་མོད་རྩྭ་ཐང་བུ་མོའི་སློབ་གྲྭ་ལྟ་བུ་ཧ་ཅང་དཀོན་ཞེས་གདེངས་འཇོག་གནངས་ཤིང་།
མཐར་ཁྱིམ་བདག་དང་དགེ་རྒན་ཚང་མའི་བསམ་ཚུལ་དང་གཏམ་བཤད་ཁྲོད་དེ་རིང་གི་སྐབས་བརྒྱད་པའི་ཚོགས་འདུ་བཀྲ་ཤིས་པའི་ངང་མཇུག་བསྡུས།

 

དགེ་རྒན་ཚེ་དཔལ་གྱིས་གཏམ་བཤད་གནང་བཞིན་པ།

གཏམ་བཤད་ལ་གཟབ་ནན་གྱིས་ཉན་བཞིན་པའི་ཁྱིམ་བདག

ཁྱིམ་བདག་འཐུས་ཚབ་པ་ལྡོང་ནོར་སྡེ་ལགས་ཀྱིས་བསམ་ཚུལ་བརྗོད་བཞིན་པ།

གསར་འགྱུར་མཁོ་སྤྲོད་པ།   ཚ་ནག་ཀུན་བཟང་།  


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-10-08 ལྟ་ཀློག (7178)