༢༠༡༥ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་བྷེ་ལ་རི་སིའི་བུད་མེད་རྩོམ་པ་པོ་སི་ཝེད་ལ་ན་ཨ་ལེག་ཧེ་ཆི་ལ་ཐོབ་པ།

 ༢༠༡༥ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་བྷེ་ལ་རི་སིའི་བུད་མེད་རྩོམ་པ་པོ་སི་ཝེད་ལ་ན་ཨ་ལེག་ཧེ་ཆི་ལ་ཐོབ་པ།

      ནོ་པེལ་བྱ་དགའི་གཞུང་ཕྱོགས་ཀྱི་དྲ་བས་གསར་དུ་བསྒྲགས་པ་ལྟར་ན། མཉམ་སྡེབ་རོལ་དབྱངས་ལྟ་བུའི་ཕྱག་རྩོམ་གྱིས་ངེད་ཅག་གི་དུས་རབས་འདིའི་དཀའ་སྡུག་དང་དེ་ལ་གཏད་པའི་སྤོབས་པ་ཉིད་བདེན་པར་སྒྲུབ་པརྒྱུ་མཚན་དུ་བྱས་ཏེ་ཉིས་སྟོང་བཅོ་ལྔ་ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ནི་བྷེ་ལ་རི་སིའི་བུད་མེད་རྩོམ་པ་པོ་དང་གསར་འགོད་པ་སི་ཝེད་ལ་ན་ཨ་ལེག་ཧེ་ཆི((Svetlana Alexievich))ལ་གནང་འདུག

    ཨ་ལེག་ཧེ་ཆི་ནི་1948ལོར་ཡུག་རེན་ནས་སྐུ་འཁྲུངས། མོའི་ཡབ་ནི་བྷེ་ལ་རི་སི་བ་ཡིན་པ་དང་ཡུམ་ནི་ཡུག་རེན་ནས་ཡིན། མོ་ནི་བྷེ་ལ་རི་སིའི་རྒྱལ་ས་མེན་སི་ཁིའི་སློབ་ཆེན་གྱི་གསར་འགྱུར་སྡེ་ཁག་ནས་སློབ་མཐར་ཕྱིན། མོས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དོན་ཆེན་དག་དངོས་སུ་བརྒྱུད་མྱོང་བའི་སྐྱེ་བོ་དག་ལ་བཅར་འདྲི་བྱེད་པའི་རྣམ་པས་འཛམ་གླིང་འཁྲུག་ཆེན་གཉིས་པ་དང་། ཨབ་གྷན་གྱི་དམག་འཁྲུག སུའུ་ལེན་འཇིག་པ། ཆུར་ནོ་བྷོལ་དོན་རྐྱེན་སོགས་ཞིབ་མོར་བྲིས་ཡོད།
    དེ་སྔ་སུའུ་ལེན་དང་ཡུག་རེན་གཉིས་ཀར་མོའི་བརྩམས་ཆོས་བཀག་སྡོམ་བྱས་ཡོད་པ་དང་། ད་དུང་འགའ་ཞིག་གིས་མོ་ནི་ནུབ་ཀྱི་གསང་མྱུལ་བ་ཡིན་པའི་དོགས་པ་བྱུང་། དེའི་ཕྱིར་མོས་དུས་ཡུན་རིང་བོར་ཕ་རི་སི་སོགས་ནས་བཙན་བྱོལ་དང་འདྲ་བའི་འཚོ་བ་སྐྱེལ་དགོས་བྱུང་ཞིང་། ཕྱི་ལོ་2011ལོར་ད་གཟོད་བྷེ་ལ་རི་སིར་ལོག

  མོའི་པར་དུ་བསྐྲུན་ཟིན་པའི་བརྩམས་ཆོས་གཙོ་བོརདམག་འཁྲུག་ནང་གི་བུད་མེད་ཀྱི་མ་ཡིན་པའི་ངོ་གདོངཞེས་པ་དང་། མཇུག་མཐའི་དཔང་མི ཆུར་ནོ་བྷོལ་དྲན་པ་སྟེ། ཉིང་རྡུལ་གྱི་འཇིགས་པའི་ངག་སྒྲོས་ལོ་རྒྱུསསོགས་ཡོད། 


 རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།

 

 

 

 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-10-08 ལྟ་ཀློག (4515)