ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་སློབ་ཁྲིད་ཐོག་ཁང་གསར་བཞེངས་ཀྱི་གསར་འགྱུར།


      རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོའི་འབྲོག་པ་མང་ཚོགས་མང་བོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་སློབ་ཁྲིད་ཐོག་ཁང་གསར་བཞེངས་ཀྱི་སྦྱིན་བདག་བྱས་ཤིང་ལས་ཀ་དངོས་སུ་འགོ་བརྩམས་ཏེ་ད་ལྟ་ཕལ་ཆེར་རྩིག་པའི་རིམ་པ་གྲུབ་ཟིན།


      ཉིན་འགའི་སྔོན་ལ་སྦྱིན་བདག་ཞེ་ལྔ་ལྷག་དངོས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཡོང་སྟེ་འཛུགས་སྐྲུན་གྱི་ལས་ཀ་ལ་ལྟ་རྟོག་བྱས་ཤིང་། སྐོར་ཞིབ་ཚར་རྗེས་སློབ་གླིང་རང་གི་སློབ་དཔོན་ཆེན་མོོ་རྭ་རྒྱ་འཇིགས་མེད་རྒྱ་མཚན་མཆོག་གིས་ཁོ་ཚོར་གསུང་བཤད་ཡིད་འཁུལ་བ་བསྩལ།  དེ་ཡང་ཁོང་གིས་ཐོག་ཁང་འདི་ལྟ་བུར་མཚོན་ན་མ་འོང་བ་ན་གསོ་བ་རིག་པའི་གཞུང་ལ་དོན་གཉེར་ཅན་མང་བོར་སློབ་གཉེར་གྱི་གོ་སྐབས་སྤྲོད་སའི་ལྟེ་གནས་ཤིག་ཏུ་འགྱུར་རྒྱུ་ཡིན་ལ།  སློབ་མ་གཅིག་གི་རྒྱུད་ལ་གཞན་ཕན་གྱི་རིག་གནས་འདི་ལྟ་བུའི་རིན་པོ་ཆེ་ཞིག་འཇོག་ཐུབ་སོང་ན་དེའི་ཕན་ཡོན་དེ་ཡང་བསམ་གྱིས་མི་ཁྱབ་པས་ཆོས་དང་དགེ་བ་ཟེར་བའང་འདི་ལས་ལྷག་པ་མེད་ལ།   དེ་བཞིན་དུ་རྗེས་སོར་སྨན་པ་མཁས་པ་མང་བོ་གདན་འདྲེན་ཞུས་ཏེ་ཕྱོགས་སོ་སོའི་ནད་པ་ཉམ་ཐག་མང་བོར་ཡང་གནས་འདི་ནས་ནད་བཅོས་བྱེད་འཆར་ཡོད་པས་དེ་ཡང་དགེ་རྩ་བསམ་གྱིས་མི་ཁྱབ་པ་ཡིན། གཞན་ཕན་ཟེར་བའང་དེ་ལས་ལྷག་མེད་ཚུལ་སོགས་ཐོག་ཁང་བཞེངས་པའི་དགེ་མཚན་དང་དམིགས་ཡུལ་སོགས་ཞིབ་རྒྱས་གསུངས།  ཐེངས་འདིར་རུ་ཁག་སོའི་སོའི་དེ་སྔ་སློབ་གྲྭར་འཕྲོད་ཟིན་པའི་སྒོར་གྲངས་སྤྱི་བསྡོམས་གཤམ་ལྟར་ཡིན་ལ་བྱིན་ཟིན་པའི་ཁྱིམ་ཚང་སོ་སོའི་མིང་ཐོ་རྗེས་ནས་གསལ་བོར་འགོད་ངེས་ཡིན།


      རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོའི་སྦྱིན་བདག་ཏང་གཙོ་པདྨ་རྡོ་རྗེ་དང་ཡི་ཐོ་སོགས་རུ་ཆུང་ཁག་གི་འགོ་ཁྲིད་དང་ཆོས་དབོན་རྣམས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་སློབ་ཁྲིད་ཐོག་ཁང་གསར་བཞེངས་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་ངོ་སྤྲོད་གནང་བཞིན་པ།


རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོའི་འབྲོག་པ་མང་ཚོགས་མང་བོས་གངས་

ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་

གསོ་རིག་སློབ་ཁྲིད་ཐོག་ཁང་

གསར་བཞེངས་ཀྱི་

རུ་ཆུང་དག་གིས་ཕུལ་བའི་ཞལ་འདེབས།

སྡོམ་ཁོག་རུ་ཆུང་དང་བོ།       ཁྲི་༢༡འཕྲོད་ཡོད།

སྡོམ་ཁོག་རུ་ཆུང་གཉིས་པ།    ཁྲི་༨༥༨༠༠འཕྲོད་ཡོད།

སྡོམ་ཁོག་རུ་ཆུང་གསུམ་པ།    ཁྲི་༣འཕྲོད་ཡོད།

སྡོམ་ཁོག་རུ་ཆུང་བཞི་བ།      ཁྲི་༡༢༥༡༠༠འཕྲོད་ཡོད།

སྡོམ་ཁོག་རུ་ཆུང་ལྔ་བ།        ཁྲི་༤༩༦༥༠འཕྲོད་ཡོད།

སྡོམ་ཁོག་རུ་ཆུང་དྲུག་པ།      ཁྲི་༨༦༤༥༠འཕྲོད་ཡོད།

སྡོམ་ཁོག་རུ་ཆུང་བདུན་པ།    ཁྲི་༡༤༠༡༥༠འཕྲོད་ཡོད།

སྡོམ་ཁོག་རུ་ཆུང་བརྒྱད་པ།     ཁྲི་༡༢༧༦༠༠

ཐེངས་འདིར་རུ་ཁག་སོའི་སོའི་དེ་སྔ་སློབ་གྲྭར་འཕྲོད་ཟིན་པའི་སྒོར་གྲངས་སྤྱི་བསྡོམས་གོང་གསལ་ལྟར་ཡིན་ལ་བྱིན་ཟིན་པའི་ཁྱིམ་ཚང་སོ་སོའི་མིང་ཐོ་རྗེས་ནས་གསལ་བོར་འགོད་ངེས་ཡིན།

ཐེངས་འདིའི་འགན་འཁུར་བ།  

འཇིགས་མེད་རྡོ་རྗེ།   ཀརྨ་ལམ་བཟང་།

༡༥༠༠༩༧༤༧༣༣༣  ༡༣༨༩༧༡༥༧༧༦༡




རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-10-06 ལྟ་ཀློག (5210)