སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་པ།


སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་པ། 

   སྤྱི་ལོ༢༠༡༥ལོའི་ཟླ་༡༠ཚེས་༥ཉིན་སེར་བྱེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་གདན་དྲངས་པ་ལྟར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ཤིང་། སྔ་དྲོའི་ཆ་ལ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་སོགས་རྣམ་པ་ལྷན་རྒྱས་ཀྱིས་སློབ་གྲྭའི་ལུས་རྩལ་འགྲན་སྡུར་ཁག་ལ་གཟིགས། 

     ཕྱི་དྲོར་མཁས་དབང་འཇམ་དཔལ་བློ་ཤེས་མཆོག་གིས་སློབ་གྲྭའི་ལུས་རྩལ་ར་བ་རུ་འདི་གའི་དགེ་སློབ་ཡོངས་ལ་བཀའ་སློབ་ཡིད་ཚིམ་པ་གནང་བ་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མདུན་ལམ་སྔར་ལས་ཡངས་ཤིང་བསམ་དོན་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་རྒྱ་ཆེར་གནང་།

   དགོང་མོར་སློབ་གླིང་རང་གི་དཔེ་མཛོད་ཁང་སྟེ་༼སྒྲ་སྒྱུར་གཙུག་ལག་གླིང་༽དུ་དགེ་སློབ་ཡོངས་ལ་ལམ་རིམ་བསྡུས་དོན་གྱི་ཁྲིད་གནང་བའི་དབུ་བརྩམས་པའོ། ། 


བཀའ་སློབ་གནང་བཞིན་པ། 


སློབ་མ་རྣམས་ཀྱིས་བཀའ་སློབ་ལ་ཉན་བཞིན་པ།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-10-06 ལྟ་ཀློག (8756)