ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་ཐེངས་གཉིས་པ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་འཚོགས་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་ཐེངས་གཉིས་པ་མ་ཡུམ་སློབ་གླིང་དུ་འཚོགས་པ།

སྐབས་གཉིས་པའི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་འདུའི་ཡུལ་དངོས།

སྐབས་གཉིས་པའི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་འདུའི་ཡུལ་དངོས།

     ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་བཅུ་བའི་ཚེས་ལྔ་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་ཐེངས་གཉིས་པ་མ་ཡུམ་སློབ་གླིང་དུ་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུའི་གོ་རིམ་ནི།

དང་བོ།  སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་གྱིས་ཚོགས་འདུའི་འགོ་འཛིན་པ།  གཉིས་པ། ཚོགས་གཙོ་འོད་ཟེར་བཟང་བོས་ལོ་གཅིག་གི་བྱ་བའི་སྤྱི་བསྡོམས་ཀྱི་སྙན་ཞུ་འབུལ་བ། གསུམ་པ། དྲུང་ཡིག་བན་ཤུལ་འཇམ་དབྱངས་ཀྱིས་ལོ་གཅིག་གི་གཏོང་ཡོང་གི་རྩིས་ཐོ་གསལ་སྒྲོག་བྱེད་པ། བཞི་བ། དྲུང་ཡིག་ཆེན་མོ་འབའ་སྣང་གྲོལ་གྱིས་ལོ་གཅིག་གི་བྱ་བའི་ཉམས་མྱོང་དང་འབྲེལ་ཏེ་གྲོས་གཞི་འདོན་པ།  ལྔ་བ། རྒྱུན་ལས་ཚོགས་གཙོ་ཁཱ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཐོན་མིའི་སློབ་ཚོགས་ཀྱི་མ་འོངས་པའི་བྱ་བའི་འཆར་གཞི་སོ་སོའི་སྐོར་གྱི་སྙན་ཞུ་འབུལ་བ། དྲུག་པ། འཐུས་མི་རེ་རེས་རང་རང་གི་འཛིན་གྲྭ་དང་འབྲེལ་ཏེ་ཐོན་མིའི་སློབ་ཚོགས་ཀྱི་བྱ་བར་བསམ་ཚུལ་བརྗོད་པ།བདུན་པ། འཐུས་མི་སོ་སོའི་བསམ་ཚུལ་ལ་དབྱེ་ཞིབ་དང་རྒྱུས་ལོན་གནང་སྟེ་གྲོས་བསྡུར་དང་ཐག་གཅོད་བྱེད་པ།  བརྒྱད་པ། ཐོན་མིའི་སློབ་ཚོགས་ཀྱི་བྱ་བའི་འཆར་གཞི་སོ་སོ་ལ་གྲོས་བསྡུར་གནང་བ། 
དགུ་བ།  སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གིས་བྱ་བར་མཛུབ་ཁྲིད་དང་ལམ་སྟོན་གནང་བ།  བཅུ་བ། ཚོགས་འདུའི་མཇུག་བསྡུ་བ་སོགས་ཐེངས་འདིའི་ཚོགས་འདུའི་སྟེང་དུ་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་དབུ་བཞུགས་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་གི་འཐུས་མི་བཅོ་བརྒྱད་མཉམ་གཅིག་ཏུ་འཛོམས་ནས་ཐོན་མིའི་སློབ་ཚོགས་ཀྱི་ལོ་གཅིག་གི་བྱ་བར་སྤྱི་བསྡོམས་དང་འཆར་གཞི་སོ་སོར་གྲོས་ཀ་ཞིབ་རྒྱས་གནང་བར་མ་ཟད།   ཐོན་མིའི་སློབ་ཚོགས་ཀྱི་བྱ་བ་མང་བོར་གྲོས་ཐག་བཅད་ཅིང་འཐུས་ཚབ་རྒྱུན་ལས་ཚོགས་ཞུགས་པ་རྣམས་ལ་རྟིང་སྐུལ་བྱ་དགའ་གནང་སྟེ་སྐུལ་འདེད་དང་བཅས་ཐེངས་འདིའི་ཚོགས་འདུ་དོན་གྲུབ་པའི་ངང་མཇུག་བསྡུས་སོ།།  

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་དང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པས་འཐུས་ཚབ་མི་སྣར་བྱ་དགའ་གནང་བ།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་དང་རྒྱུན་ལས་ལས་འཛིན་པ་ཡོངས་ཀྱི་མཉམ་པར།  

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་དང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་མཉམ་པར།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱི་མཉམ་པར།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-10-06 ལྟ་ཀློག (5245)