ཐོན་མིའི་སློབ་ཚོགས་ཀྱི་བརྡ་སྦྱོར།

 

ཐོན་མིའི་སློབ་ཚོགས་ཀྱི་བརྡ་སྦྱོར།

      སྤྱི་ཟླ་བཅུ་བའི་ཚེས་ལྔ་ནས་དྲུག་ཉིན་བར་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཐོན་མིའི་སློབ་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ཚོགས་འདུ་བསྡུ་རྒྱུ་ཡིན་པས་མཐར་ཕྱིན་འཛིན་གྲྭ་སོ་སོའི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས་ཚེས་བཞིའི་ཉིན་སློབ་གླིང་དུ་འབྱོར་ཐོ་འགོད་དགོས་པ་དང་།  ཚེས་ལྔ་དང་དྲུག་ཉིན་ཏེ་ཉིན་གཉིས་རིང་ཐོན་མིའི་སློབ་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་སྤྱི་བསྡོམས་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་ཐད་གྲོས་གཞི་འདོན་པའི་རྒྱུན་ལས་ཚོགས་འདུ་འཚོགས་རྒྱུ་ཡིན།    གནས་ཚུལ་ཁྱད་པར་བའི་དབང་གིས་ཚོགས་འདུར་ཞུགས་མི་ཐུབ་མཁན་ཡོད་ན་སྔ་མོ་ནས་རང་སློབ་གླིང་གི་སློབ་གཙོ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ལ་དགོངས་ཞུ་གནང་དགོས་པ་དང་ཡང་ན་རང་རང་གི་སྐབས་བབས་ཀྱི་འཛིན་བདག་དགེ་རྒན་ལ་གནས་ཚུལ་ཡར་ཞུ་བྱས་ཏེ་དགོངས་པ་འཁྲོལ་དགོས་པ་མ་ཟད་ཐོན་མིའི་སློབ་ཚོགས་ཀྱི་སྐད་འཕྲིན་ཚོམས་ནང་དུ་གནས་ཚུལ་གསལ་བོ་སྙན་སྒྲོན་གནང་རྒྱུ་ཐུགས་ལ་འཛིན་པར་ཞུ་ཞུ།  

འབྲེལ་གཏུག་བྱ་ཡུལ། ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་། ཁ་པར།  09758389698

ཚོགས་གཙོའི་འབྲེལ་གནས།

འོད་ཟེར་བཟང་བོ།  18197123666

ཁཱ་ཤེས་རབ་རྒྱ་མཚོ།   15283703999
༢༠༡༥  ༩  ༢༤ཉིན་ཐོན་མིའི་སློབ་ཚོགས་ཀྱིས།  

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-09-25 ལྟ་ཀློག (3969)