དགེ་རྒན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གཡུ་རྩེའི་ཨུཏྤལ་ཤེས་རིག་སྒྱུ་རྩལ་གླིང་དུ་ཕེབས་པ།

དགེ་རྒན་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ།

              ༢༠༡༥་ལོའི་སྤྱི་ཟླ་ ༩ བའི་ཚེས་ ༡༤་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་བོད་ཡིག་སློབ་འབྲིང་དུ་ཕེབས་ནས་དགེ་རྒན་དང་སློབ་མའི་ཀུན་སྤྱོད་ཐད་ཀྱི་གསུང་རིན་ཐང་ཅན་མང་བོ་བསྩལ་བ་དང་།    ༢༠༡༥་ལོའི་སྤྱི་ཟླ་ ༩ བའི་ཚེས་ ༡༥་ཉིན་མགོ་ལོག་ཁང་སར་ཡུལ་གྱི་གསར་རྙིང་ཇོ་གསུམ་གྱིས་མཉམ་སྒྲུབ་མཐུན་གསུམ་བྱང་ཆུབ་ལོ་མའི་རྒྱུགས་སྤྲོད་སྐབས་དྲུག་པའི་སྟེང་དུ་ཕེབས་ཏེ་གལ་ཆེ་བའི་གསུང་བཤད་གནང་བར་མ་ཟད།   མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གཡུ་རྩེའི་ཨུཏྤལ་ཤེས་རིག་སྒྱུ་རྩལ་གླིང་དུ་ཕེབས་ཏེ་བཀའ་སློབ་གལ་ཆེན་བསྩལ་བ་མ་ཟད།  གཡུ་རྩེའི་ཨུཏྤལ་ཤེས་རིག་སྒྱུ་རྩལ་གླིང་གི་འགན་འཛིན་པ་ཡོངས་ཀྱི་རེ་འདུན་བཞིན་སློབ་གླིང་དེ་གའི་ལམ་སྟོན་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས་པར་ཁོ་ཚོས་དགའ་དད་སྤྲོ་གསུམ་གྱི་བཀའ་དྲིན་སྙིང་ནས་ཞུས་པ་ལགས་སོ།།

ཁང་སར་ཡུལ་གྱི་གསར་རྙིང་ཇོ་གསུམ་གྱིས་མཉམ་སྒྲུབ་མཐུན་གསུམ་བྱང་ཆུབ་ལོ་མའི་རྒྱུགས་སྤྲོད་སྐབས་དྲུག་པའི་སྟེང་དུ་ཕེབས་བསུ་གནང་བ།

 

ལྷན་དུ་བསྐྱོན་པའི་མཉམ་པར།

 

གཅིག་སྒྲིལ་རྫོང་བོད་ཡིག་སློབ་འབྲིང་དུ་ཕེབས་བསུ་གནང་བཞིན་པ།

 

དགེ་རྒན་དང་སློབ་མའི་ཀུན་སྤྱོད་ཐད་ཀྱི་གསུང་གསུང་བཤད་གནང་བ།

གཡུ་རྩེའི་ཨུཏྤལ་ཤེས་རིག་སྒྱུ་རྩལ་གླིང་གི་རི་མོ་དང་ཐང་གའི་སྒྱུ་རྩལ་ལ་གཟིགས་ཞིབ་གནང་བ།

      རྒྱུས་ལོན་བྱུང་བ་ལྟར་ན་ཉིན་འདིར་གཡུ་རྩེའི་ཨུཏྤལ་ཤེས་རིག་སྒྱུ་རྩལ་གླིང་གི་འགན་འཛིན་པ་དག་གིས་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་འཚམས་སྦྱོར་བྱས་པར་མ་ཟད་ཧ་ཅང་རིན་ཐང་ལྡན་པའི་གཉན་པོ་གཡུ་རྩེའི་ལོ་རྒྱུས་ཀྱི་ཐང་ག་རིང་མོ་ཞིག་བཞེངས་བཞིན་པའི་སྐོར་ཡང་འགྲེལ་བརྗོད་བྱས་འདུག

མཇུག་ཏུ་བསྐྱོན་པའི་མཉམ་པར།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-09-16 ལྟ་ཀློག (5055)