རྐྱེན་ངན་ལམ་དུ་འཁྱེར་ཚུལ་གྱི་གསུང་།


རྐྱེན་ངན་ལམ་དུ་འཁྱེར་ཚུལ་གྱི་གསུང་།

རྩོམ་པ་བོ། རྒྱལ་སྲས་ཐོགས་མེད།

བདག་གཞན་སྒྱུ་ལུས་ཀྱི་ཕུང་བོ་འདི། །
ན་ན་ན་སྟེ་ན་བས་དགའ། །
སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །
ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་། །
སྒྲིབ་གཉིས་སྦྱོང་བའི་ཆེད་དུ་ཡིན། །

ན་བ་མེད་ན་མེད་དེ་དགའ། །
ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །
མི་ལུས་དོན་ཆེན་བྱེད་པ་ཡང་། །
སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །

འབྱོར་བ་མེད་ན་མེད་དེ་དགའ། །
བསྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད། །
འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ། །
འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས། །


འབྱོར་བ་ཡོད་ན་ཡོད་དེ་དགའ། །

སོད་ནམས་ཀྱི་དགེ་ཚོགས་སྤེལ་བའི་ཚོགས། །
འཕྲལ་ཕུགས་ཀྱི་ཕན་བདེ་ཇི་སྙེད་པ། །
བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །

མྱུར་དུ་ཤི་ན་ཤི་བས་དགའ། །
རྐྱེན་ངན་ཀྱིས་བར་དུ་མ་ཆོད་ཅིང་། །
མཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པའི། །
མ་ནོར་གྱི་ལམ་དུ་ཚུད་པར་ངེས། །

ཡུན་དུ་གསོན་ན་གསོན་པས་དགའ། །
ཉམས་མྱོང་གི་ལོ་ཐོག་སྐྱེ་བ་ལ། །
གདམས་ངག་གི་བརླན་དྲོད་མ་ཡལ་བར། །
ཡུན་དུ་བསྟེན་པས་སྨིན་པར་འགྱུར། །
གང་ཡིན་ཡང་དགའ་བ་སྒོམས་ཤིག་ཨང་། །


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-09-14 ལྟ་ཀློག (4014)