སློབ་གྲྭ་གཉིས་ཀྱིས་མཉམ་གཅིག་ཏུ་དགེ་རྒན་གྱི་དུས་ཆེན་ལ་རོལ་པ།

སློབ་གྲྭ་གཉིས་ཀྱིས་མཉམ་གཅིག་ཏུ་དགེ་རྒན་གྱི་དུས་ཆེན་ལ་རོལ་པ། 

 

     ཟླ་འདིའི་ཚེས་བཅུ་སྟེ་དགེ་རྒན་དུས་ཆེན་གྱི་ཉིན་མོ་དང་བསྟུན་ནས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་རྩྭ་ཐང་བུ་མོའི་སློབ་གྲྭས་མགྲོན་བསུ་གནང་བ་བཞིན་ཨ་མྱེས་གེ་ཐོའི་རི་འདབས་སུ་ལྷམ་མེར་ཆགས་པའི་རྩྭ་ཐང་བུ་མོའི་སློབ་གྲྭ་རུ་སོང་སྟེ་སློབ་གྲྭ་གཉིས་ཀྱི་དགེ་རྒན་དང་ལས་བཟོ་བ་ཡོངས་མཉམ་གཅིག་ཏུ་དགེ་རྒན་གྱི་དུས་ཆེན་ལ་རོལ་ཅིང་།  དགེ་རྒན་དུས་ཆེན་གྱི་སྟེང་དུ་སློབ་གཙོ་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་བཀའ་སློབ་རིན་ཐང་ཅན་གནང་བར་མ་ཟད།  རྩྭ་ཐང་བུ་མོའི་སློབ་གྲྭའི་ན་ཆུང་གླུ་མ་སྐད་གྲགས་ཅན་ལས་དབང་ལྷ་མོ་སོགས་ཀྱིས་གླུ་དབྱངས་སོགས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་ཤིང་།   ཕྱི་དྲོ་རྩྭ་ཐང་དུ་ཕེབས་ནས་བོད་རང་གི་སྲོལ་རྒྱུན་གྱི་རྩེད་མོ་སྣ་ཚོགས་ཏེ་རི་རྒྱུག་དང་གླང་ཆེན་ས་གཤག མི་རྒོད་རྟ་རྒོད། སྦེ་ག་སོགས་འགྲན་སྡུར་གནང་སྟེ་དགེ་རྒན་དང་ལས་བཟོ་བ་ཡོངས་དགོད་སྒྲའི་ཞིང་དུ་དྲངས།  དགུང་མོར་ངེད་སློབ་གྲྭའི་འཛིན་གྲྭ་སོ་སོའི་སློབ་བུ་ཡོངས་ཀྱིས་རང་གི་དགེ་རྒན་རྣམས་ཀྱི་བཀའ་དྲིན་མཚོན་བྱེད་དུ་མ་ཡུམ་སློབ་གླིང་གི་ཁོ་ར་ཁོར་ཡུག་ཀུན་ཏུ་རྟེན་འབྲེལ་ཞུ་ཚིག་དང་འོད་ཁང་སྣ་ཚོགས་ཀྱིས་ཁྱབ་པར་བྱས།  

སློབ་གྲྭ་གཉིས་ཀའི་དགེ་རྒན་དང་ལས་བཟོ་བ་ཡོངས་མཉམ་འཛོམས། 


 

རྩྭ་ཐང་གི་འགྲན་སྡུར་སྣ་ཚོགས། 

མཚན་ལྗོངས་ཀྱི་འོད་ཁང་སྣ་ཚོགས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-09-10 ལྟ་ཀློག (4963)