ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་འགས་གཏོར་དོན་རྐྱེན་ཁྲོད་ནས་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།

ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་འགས་གཏོར་དོན་རྐྱེན་ཁྲོད་ནས་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར།

天津滨海新区危险品仓库爆炸事故已造成50人死亡 11.jpg

ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་ཉེན་རྫས་མཛོད་ཁང་འགས་གཏོར་བྱུང་བའི་ཡུལ་དངོས།

天津滨海新区危险品仓库爆炸事故已造成50人死亡22.jpg

ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་ཉེན་རྫས་མཛོད་ཁང་འགས་གཏོར་བྱུང་བའི་ཡུལ་དངོས།

天津滨海新区危险品仓库爆炸事故已造成50人死亡 333.jpg

ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་ཉེན་རྫས་མཛོད་ཁང་འགས་གཏོར་བྱུང་བའི་ཡུལ་དངོས།

       ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་ཉེན་རྫས་མཛོད་ཁང་འགས་གཏོར་བྱུང་བའི་ཡུལ་དངོས་བཀོད་འདོམས་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་གྱི་དུས་ཚོད་བཅོ་བརྒྱད་བར་དུ་ཐེངས་འདིའི་འགས་གཏོར་དོན་རྐྱེན་ཁྲོད་ནས་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཞིང་མི་བདུན་བརྒྱ་དང་གཅིག་སྨན་ཁང་དུ་ཞག་སྡོད་བྱས་ཡོད་པ་དང་། དེའི་ནང་དུ་རྨས་མ་ལྗིད་མོ་དོན་གཅིག་ཡོད།

       ཉིན་དེའི་ཕྱི་དྲོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་པེན་ཧེ་ས་ཁུལ་གསར་བའི་མགོ་གཙོ་ཀྲང་ཡུང་གིས་བཤད་རྒྱུར། པེན་ཧེ་ས་ཁུལ་གསར་བས་འཕྲལ་སྒྲུབ་ལས་ཁུངས་བཙུགས་ཏེ་དོན་རྐྱེན་བྱུང་བའི་མཐའ་འཁོར་གྱི་གཞིས་ཁུལ་གསུམ་གྱི་སྡོད་དམངས་ཚང་མ་བདེ་འཇགས་མངའ་ཁོངས་ཀྱི་སློབ་གྲྭ་བཅུ་རུ་བཀོད་སྒྲིག་བྱས། མིག་སྔར་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་འཐུང་ཆུ་སོགས་འཚོ་བའི་མཁོ་ཆས་སྣ་ཚོགས་བྱིན་པ་དང་མང་ཚོགས་སྟོང་གསུམ་དང་ལྔ་བརྒྱ་དང་ལེན་བྱས། འགས་གཏོར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་སྔར་བཞིན་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་གནས་ཚུལ་གསར་བ་དུས་ཐོག་ཏུ་ཁྱབ་སྒྲོག་བྱེད་ངེས་ཡིན་ཟེར།

      གསར་འགོད་པས་ཚེས་བཅུ་གསུམ་ཉིན་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ནས་ཤེས་པའི་གནས་ཚུལ་ལྟར་ན། པེ་ཅིན་ནས་མངགས་པའི་སྨན་བཅོས་ཆེད་མཁས་པ་ཐེན་ཅིན་ལ་ཐོན་ནས་ས་གནས་ཀྱི་སྨན་བཅོས་མི་སྣ་དང་མཉམ་དུ་རྨས་མ་མྱུར་སྐྱོབ་བྱེད་བཞིན་ཡོད། མིག་སྔའི་བར་དུ་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་པེ་ཅིན་གྱི་ས་གནས་སྨན་ཁང་དང་དམག་དཔུང་སྨན་ཁང་བཅུ་ནས་ཆེད་ལས་བཅུ་ཡི་རྒྱལ་ཁབ་རིམ་པའི་སྨན་པ་དང་སེམས་ཁམས་ཆེད་མཁས་པ་སོ་དྲུག་ཐེན་ཅིན་ལ་མངགས་ཏེ་རྨས་མ་མྱུར་སྐྱོབ་བྱ་བར་མཛུབ་སྟོན་དང་སྨན་བཅོས་བྱེད་བཞིན་ཡོད། དེ་དང་མཉམ་དུ་རྒྱལ་ཁབ་རིམ་པའི་སྨན་བཅོས་ཆེད་མཁས་པ་མངག་པ་དང་ཁྲག་འགན་སྲུང་། སྨན་བཅོས་སྒྲིག་ཆས་དང་སྨན་རྫས་གྲ་སྒྲིག རྨས་མ་མྱུར་སྐྱོབ་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-08-14 ལྟ་ཀློག (3525)