མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པ་དབུ་ཚུགས་པ།

མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པ་དབུ་ཚུགས་པ།

   2015ལོའི་སྤྱི་ཟླ 8 ཚེས 9 ཉིན། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པ་དབུ་ཚུགས་པའི་རྟེན་འབྲེལ་གྱི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་རྣམ་རྒྱལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས།  ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་དམངས་ཆེན་གྱི་འགན་གཙོ་གཞོན་པ་སྟག་འབུམ་ཐར་གཉིས་གཙོ་བྱས་པའི་འབྲེལ་ཡོད་འགོ་ཁྲིད་དང་ཚོགས་མིའི་ཁེ་ལས་བརྒྱ་ལྷག་ཞུགས་ཡོད།  མཇུག་མཐར་ཀྲུའུ་ཞི་རིན་ཆེན་རྒྱལ་ལགས་ཀྱིས་ཚོང་ལས་ཚོགས་པ་ཚུགས་དགོས་པའི་གལ་ཆེན་རང་བཞིན་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཕྱོགས་སྟོན་རང་བཞིན་གྱི་གསུང་བཤད་གནང་སོང་།

 

སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་དམངས་ཆེན་གྱི་འགན་གཙོ་གཞོན་པ་སྟག་འབུམ་ཐར་

གསུམ་གྱིས་ཚོང་ལས་ཡར་སྐུལ་ཚོགས་པའི་སྒོ་བྱང་གི་ཞལ་ཁེབས་ཕྱེས་པ།

ཀྲུའུ་ཞི་རིན་ཆེན་རྒྱལ་ལགས་ཀྱིས་ཚོང་ལས་ཚོགས་པ་ཚུགས་དགོས་པའི་གལ་ཆེན་རང་བཞིན་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཕྱོགས་སྟོན་རང་བཞིན་གྱི་གསུང་བཤད་གནང་བ།

 

འབྲེལ་ཡོད་འགོ་ཁྲིད་དང་ཚོགས་མིའི་ཁེ་ལས་བརྒྱ་ལྷག་ཚོགས་འདུར་ཞུགས་ཤིང་ཚོགས་འདུའི་དགོངས་དོན་ལ་ཉན་བཞིན་པ།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།   མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-08-10 ལྟ་ཀློག (5454)