འཛམ་གླིང་གི་ཁེ་ལས་པ་ཆེན་པོའི་གདམས་ངག་གྲགས་ཆེན་ཉི་ཤུ།

འཛམ་གླིང་གི་ཁེ་ལས་པ་ཆེན་པོ་འགའི་གདམས་ངག་གྲགས་ཆེན་ཉི་ཤུ།

 

གཅིག   དཀོན་མཆོག་གིས་ང་ཚོར་རྐང་པ་གཉིས་བསྐྲུན་ཆེད་ནི། ང་ཚོ་རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་འགྲོ་དགོས་པར་བསྟན། ཨ་རི།  རོ་ཁེ་ཧྥེ་ལེར།

གཉིས། ང་རང་གནས་སྐབས་ཀྱི་རྒྱལ་ཁ་ཐོབ་པ་ལ་དགའ་པོ་མེད། ང་ལ་དགོས་པ་དེ་རྒྱུན་མཐུད་ཆད་མེད་ཀྱི་རྒྱལ་ཁ་དེ་ཡིན། དེ་ལྟར་ཡིན་ན་ད་བཟོད་སྟོབས་ལྡན་དུ་འགྱུར་ཐུབ་པ་རེད། ཨ་རི། རོ་ཁེ་ཧྥེ་ལེར།

གསུམ། ཁ་གཡར་ས་བཙལ་བ་ནི་ཕམ་ཁ་བཟོ་བའི་འབྱུང་རྩ་ཡིན། ཨ་རི། རོ་ཁེ་ཧྥེ་ལེར།

བཞི། གོམ་པ་གཞུག་མ་དེར་འདང་ཡག་པོ་ཞིག་ཕོག་མེད་ན། གོམ་པ་དང་པོ་དེ་གཏན་ནས་མ་སྤོ། ཨ་རི། རོ་ཁེ་ཧྥེ་ལེར།

ལྔ། མི་རེ་རེ་ནི་རང་གི་ལས་དབང་གི་འཆར་འགོད་པ་དང་བཟོ་བསྐྲུན་པ་ཡིན། ཨ་རི། རོ་ཁེ་ཧྥེ་ལེར།

དྲུག ལས་ཀ་ནི་ཚེ་སྲོག་ལ་བྲོ་བ་སྟེར་བའི་ལན་ཚྭ་ཡིན། ཨ་རི། རོ་ཁེ་ཧྥེ་ལེར།

བདུན། རང་ཉིད་ཀྱིས་ཇི་ལྟར་བསྒྲུབ་་བསམ་ན། ཁྱེད་རང་དེ་ལྟར་ཐབས་མཁས་པོར་འགྱུར། སྤྲོ་སྣང་གི་སེམས་ཁམས་ཀྱིས་རྒྱལ་ཁ་བསྐྲུན་ཐུབ། ཨ་རི། རོ་ཁེ་ཧྥེ་ལེར།

བརྒྱད། གསོག་འཇོག་གི་ཤེས་བྱ་ཇི་ལྟར་མང་ན། ལེགས་འགྲུབ་ཀྱི་རེ་བ་དེ་ལྟར་ཆེ། ཨ་རི། རོ་ཁེ་ཧྥེ་ལེར།

དགུ།  རྒྱལ་ཁ་ཐོབ་འདོད་ན་ངེས་པར་དུ་ཉེན་མཆོང་གི་རིན་ཐང་ཤེས་དགོས། མ་ཟད་ངེས་པར་དུ་རང་ཉིད་ལ་ལམ་འགྲོ་བསྐྲུན་པའི་ཤེས་རྒྱ་ཡོད་དགོས། ཉེན་ཁ་ཇི་ལྟར་ཆེ་ན། ཐོབ་འབྲས་དེ་ལྟར་བཟང་།  ཨ་རི། རོ་ཁེ་ཧྥེ་ལེར།

བཅུ། དེ་རིང་གི་རྒྱལ་ཁ་དེ་ཐོབ་དགོས་ན། སློབ་གསོ་དང་འབད་བརྩོན་མ་ཡིན་པའི་རྒྱུ་ཆ་གཞན་དག་འགའ་སྣོན་དགོས་ཏེ།གསར་གཏོད་རང་བཞིན་ཡོད་པ་དང་། བསམ་པའི་བཀོད་ཤུགས་ཕྱུག་པོ་ཡིན་པའི་སེམས་ཁམས་སོགས་ཡོད་དགོས།  ཨ་རི། རོ་ཁེ་ཧྥེ་ལེར།

བཅུ་གཅིག འཇིག་རྟེན་འདི་དབང་ཡོད་དག་གི་འཇིག་རྟེན་མ་རེད་ལ། དངུལ་བདག་རྣམས་ཀྱི་འཇིག་རྟེན་ཡང་མ་རེད། དེ་ནི་སེམས་ཡོད་དག་གི་འཇིག་རྟེན་ཡིན་ནོ།། ཀྲུང་གོ། ཉིས་ཀུན་ཧྲེང།

བཅུ་གཉིས། རྒྱུ་ནོར་ཀླད་པ་ནང་ན་ཡོད་པ་ལས་གློ་ཁུག་ནང་ན་ཡོད་མ་ཡིན། གློ་ཁུག་ནི་ཀླད་པར་རག་ལས་ཡོད། ཀྲུང་གོ། ཉིས་ཀུན་ཧྲེང།

བཅུ་གསུམ། རླབས་ཆེན་ཡོད་ཚད་ཀྱི་བསམ་བློ་དང་འགུལ་བསྐྱོད་དག་ནི། ཧ་ཅང་ཆུང་བའི་བྱ་ལས་ནས་མགོ་བརྩམས་པ་རེད། ཀྲུང་གོ། ལིས་ཅ་ཁྲེང་།

བཅུ་བཞི། སང་ཉིན་གྱི་རེ་བས། དེ་རིང་གི་དཀའ་སྡུག་སེལ་ཐུབ། ཀྲུང་གོ། ལིས་ཅ་ཁྲེང་།

བཅོ་ལྔ། ཉེ་འགྲམ་གྱི་མི་དག་ནམ་ཡང་ཁྱོད་ལས་རིག་རྒོད་ཡིན་པ་ཡིད་ཆེས་བྱོས། ཀྲུང་གོ། མ་ཡེན།

བཅུ་དྲུག ཆེས་ཕུལ་བྱུང་གི་དཔེ་དབྱིབས(模式)ནི་ནམ་ཡང་ཆེས་སྟབས་བདེ་ཡི་དངོས་པོ་ཡིན། ཀྲུང་གོ། མ་ཡེན།

བཅུ་བདུན། འགྲན་ཟླ་ནི་ནམ་ཡང་ཆེས་སྟོབས་ལྡན་ཞིག་ཡིན་པར་བསམ་དགོས། གལ་ཏེ་ཁས་ཞན་ཞིག་ཡིན་ནའང་། ཁྱེད་ཀྱིས་དེ་ཆེས་སྟོབས་ལྡན་ཞིག་ཏུ་འཇོག་དགོས། ཀྲུང་གོ། མ་ཡེན།

བཅོ་བརྒྱད། གྲུབ་འབྲས་ཡོད་པ་ནི་ལེགས་འགྲུབ་བྱུང་བའི་མཚོན་རྟགས་མིན་ལ། གྲུབ་འབྲས་མེད་པ་ནི་ཕམ་ཁ་ཁུར་བ་གཏན་ཁེལ་ཡིན།  ཀྲུང་གོ། མ་ཡེན།

བཅུ་དགུ། གཞན་གྱིས་ཁྱེད་ལ་སྐྱོན་བརྗོད་བྱས་པ་དེ་ནམ་ཡང་སེམས་ལ་ཟུངས། གཞན་གྱིས་ཁྱེད་ལ་བསྔགས་བརྗོད་བྱས་པ་དེ། དེ་ག་ནས་བརྗེད་དུ་ཆུགས།  ཀྲུང་གོ།  མ་ཡེན།

ཉི་ཤུ།  དོན་དག་ཡག་པོ་དག་གཏན་ནས་བཤད་སླ་མོ་ཞིག་མིན། བཤད་སླ་བའི་དོན་དག་ནི་གཏན་ནས་དོན་དག་ཡག་པོ་ཞིག་མིན།  ཀྲུང་གོ། མ་ཡེན།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-27 ལྟ་ཀློག (7575)