མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྡུས།

མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྡུས།

སྤེལ་དུས། 2015-07-23 10:30:05   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྡེབ་ཚད། 142   ནང་དོན་འདི་སྤེལ་མཁན། སྟོབས་ལྡན་རྒྱལ།

སྤྱི་ཟླ7པའི་ཚེས22ཉིན།མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་བསྡུས་པ་རེད།

ཐེངས་འདིའི་བོད་ཡིག་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭའི་གདན་ཞུའི་དགེ་རྒན་ལ་བོད་ལྗོངས་གཞིས་ཀ་རྩེའི་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་བྲིས་པ་གྲགས་ཅན་ཏེ་དགུང་ལོ་དོན་བདུན་ལ་སོན་པའི་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་། པོ་ཏ་ལའི་རྩེ་སློབ་གྲྭའི་བྲིས་པ་གྲགས་ཅན། སྙེ་བྲིས་དང་གཞུང་བྲིས་རྒྱུད་འཛིན་པ་སྙེ་འཕྲིན་ལས་རྒྱལ་མཚན་མཆོག ཁམས་ཡུལ་ཤུལ་ནང་ཆེན་གྱི་བཀའ་བརྒྱུད་བྲབ་བྲིས་དང་ནང་བྲིས་ནོར་བུ་མའི་བྲིས་པ་གྲགས་ཅན་མི་རྣམ་སྤྲུལ་སྐུ་མཆོག མགོ་ལོག་དར་ལག་རྫོང་སྡེ་ནང་ས་བྲིས་ཀྱི་རྒྱུད་འཛིན་པ་ཆེན་མོ་ངག་དབང་རྒྱ་མཚོ་མཆོག མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཡིག་གཟུགས་སློབ་དཔོན་མཚོ་སྐྱེས་དོན་གྲུབ་ཚེ་རིང་བཅས་ཕེབས་ཡོད། གསོ་སྦྱོང་ལ་ཞུགས་པའི་སློབ་མའང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་སོ་སོའི་འབྲིང་རིམ་སློབ་གྲྭ་གཙོ་བྱས་པའི་དགེ་རྒན་ཉི་ཤུ་ལྷག་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཡིག་གཟུགས་ལ་མོས་པ་ཡོད་པའི་སློབ་མ་ཉི་ཤུ གཞན་བོད་ཀྱི་ཡིག་གཟུགས་ལ་དུངས་པ་ཞེན་པའི་ཟུར་ཞུགས་པ་བརྒྱད་བཅས་ཁྱོན་བསྡོམས་པས་སློབ་མ་ལྔ་བཅུ་ལྷག་ཞུགས་ཡོད།


 རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-24 ལྟ་ཀློག (3967)