ཨ་རིའི་དགེ་རྒན་ཞིག་གིས་ཁྱིམ་བདག་ལ་བཏོན་པའི་བསམ་འཆར་བཅུ།

ཨ་རིའི་དགེ་རྒན་ཞིག་གིས་ཁྱིམ་བདག་ལ་བཏོན་པའི་བསམ་འཆར་བཅུ།

ཡིག་སྒྱུར་བ། རང་དབང་སྐྱིད།

     གཅིག རྒྱུན་དུ་བྱིས་པར་རང་གི་སློབ་སྦྱོང་ཡར་ཐོན་གྱི་འབྲས་བུ་ཤེས་སུ་འཇུག་དགོས་པར་མ་ཟད། ཐ་ན་སྐྱོན་ཆ་ལེགས་བཅོས་ཀྱི་རྣམ་འགྱུར་ཙམ་ལའང་བསྟོད་བསྔགས་བྱས་ཏེ་བྱིས་པའི་རང་རྟོན་གྱི་འདུ་ཤེས་མཐོ་རུ་བཏང་ན་ད་གཟོད་སློབ་སྦྱོང་ལ་སྤྲོ་བ་ བསྐྱེད་ངེས།

    གཉིས། རྒྱུན་དུ་བྱིས་པར་འགྲུབ་སླ་བའི་བྱ་བ་བསྒྲུབ་ཏུ་འཇུག་ན་ནི་བྱིས་པར་རང་གིས་བྱ་བ་སྒྲུབ་ནུས་པའི་ཡིད་ཆེས་ཐོབ་པ་མ་ཟད་བྱིས་པའི་མི་མངོན་པའི་ནུས་པ་ལའང་ཕྱིར་མངོན་པར་རམ་འདེགས་ཐུབ་ངེས།

    གསུམ། ཁྱིམ་བདག་གིས་དུས་རྒྱུན་དུ་བྱིས་པའི་བསླབ་ཚན་གྱི་ནང་དོན་དང་སློབ་སྦྱོང་གི་ཆུ་ཚད་ལ་དོ་སྣང་བྱེད་དགོས་པར་མ་ཟད། ཉིན་རེའི་བསླབ་གཞི་དང་སྦྱང་འབྲས་ཀྱི་གནས་ཚུལ་སྐོར་ནས་བྱིས་པར་དྲི་གཞི་མང་ཙམ་བཏོན་ཏེ་རྒྱུས་ལོན་བྱེད་དགོས། 

    བཞི། འཚོ་བའི་ཁྲོད་ཀྱི་སློབ་སྦྱོང་དང་སྦྱོང་བརྡར་གྱི་གོ་སྐབས་སྣ་ཚོགས་དམ་འཛིན་བྱས་ཏེ་བྱིས་པའི་སློབ་སྦྱོང་གི་འདུན་མར་ངར་ཤུགས་སྤྲོད་དགོས། 

    ལྔ། བྱིས་པར་རང་གི་དངོས་རྫས་བདག་སྐྱོང་བྱེད་དུ་བཅུག་སྟེ་འགན་འཁྲིའི་འདུ་ཤེས་ཀྱི་མ་རྐང་འཛུགས་པར་རོགས་རམ་བྱེད་དགོས། 

    དྲུག བྱིས་པར་རང་གིས་མིག་དཔེ་སྟོན་དགོས།

   བདུན། བྱིས་པའི་སྔུན་ནས་དགེ་རྒན་ལ་གཏམ་གླེང་འདྲ་མིན་མི་བྱེད་པ་དང་དགེ་རྒན་ལ་དམའ་འབེབས་དེ་ལས་བྱེད་མི་རུང་།

   བརྒྱད། ཁྱིམ་གྱི་སློབ་སྦྱོང་གི་འཆར་གཞི་ལག་བསྟར་བྱེད་པ། དེ་ནི་རང་འགུལ་རང་རྟོགས་ཀྱིས་འགྲུབ་པར་བྱས་ཏེ་སློབ་སྦྱོང་དང་ངལ་གསོའི་གོམས་གཤིས་ལེགས་པོ་ཆགས་པར་འབད་བརྩོན་བྱེད་དགོས།

   དགུ། བྱིས་པས་དྲི་བ་བཏོན་པར་མཛུབ་སྟོན་དང་གཞན་ལ་དོགས་འདྲི་མང་ཙམ་བྱེད་པར་གོམས་གཤིས་ཆགས་སུ་འཇུག་དགོས། 

  བཅུ། བྱིས་པའི་སློབ་སྦྱོང་གི་འདུ་ཤེས་མཐོ་རུ་བཏེགས་ཏེ་སློབ་མཚམས་མི་ཆད་པར་སྔོན་འགོག་གནང་དགོས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-22 ལྟ་ཀློག (3356)