སློབ་གཙོ་ཤེས་རབ་རྒྱ་མཚོ་ལ་བཅར་འདྲི་བྱས་པ།

དཔའ་ལུང་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་གཙོ་ཤེས་རབ་རྒྱ་མཚོ་ལ་བཅར་འདྲི་བྱས་པ། 

བཅར་འདྲི་བྱེད་མཁན། ངེད་ཀྱི་དྲ་བའི་གསར་འགོད་པ།  

གསར་འགོད་པ།  ཨ་ཁུ་ཤེས་རབ་རྒྱ་མཚོ་ལགས།   ཁྱེད་ཀྱི་སྐུ་བདེ་མོ།  ཐོག་མར་ཁྱེད་ཀྱི་སློབ་གྲྭ་འདི་བཙུགས་ནས་ལོ་འཁོར་བཅུ་འགོར་བའི་དགའ་སྟོན་མཛད་སྒོ་ལ་རྟེན་འབྲེལ་སྙིང་ནས་ཞུ། 

སློབ་གཙོ།  ཡ་ཡ།  བཀའ་དྲིན་ཆེ།

གསར་འགོད་པ། ཐོག་མར་ཁྱོད་ཀྱིས་སློབ་གྲྭ་འདི་ལྟ་བུ་ཞིག་འཛུགས་དགོས་པའི་དམིགས་ཡུལ་མདོར་བསྡུས་ཤིག་གསུངས་ན་ཆོག་གམ།  

སློབ་གཙོ།  ལོས་ཆོག། ལོས་ཆོག །  སྔོན་ཆད་ངའི་ཕ་ཡུལ་གྱི་བྱིས་པ་ཚོ་ཡི་གེ་སློབ་སའི་ཆ་རྐྱེན་མི་ལྡན་པར་མ་ཟད། དེ་བས་ཀྱང་བོད་ཡིག་བོད་སྐད་སློབ་ས་མེད། དེའི་ཕྱིར། ཕ་ཡུལ་གྱི་ཆེད་དུ་སློབ་གྲྭ་དེ་འདྲ་ཞིག་བསྐྲུན་ཁུལ་བྱས་པ་ཡིན། 

གསར་འགོད་པ།  དེས་ན་ཁྱོད་ཀྱིས་སློབ་གྲྭ་འདི་འདྲ་ཞིག་བཙུགས་པའི་བརྒྱུད་རིམ་ཁྲོད་དཀའ་ཁག་ཆེས་ཆེ་ཤོས་གང་རེད།  

སློབ་གཙོ།    ད་སྔ་ངེད་སློབ་གྲྭའི་དཀའ་ངལ་ཆེ་ཤོས་ནི་དགེ་རྒན་གྱི་དཔུང་སྡེ་བརྟན་ཆགས་ཤིག་མེད་པ་དེ་དང་། དགེ་རྒན་བསྡུ་ཐུབ་ཀྱང་་དགེ་རྒན་དག་གི་བཞུགས་ཤག་དང་། སློབ་མའི་མལ་ཁང་གི་ཚད་བཀག་དབང་གིས་སློབ་མ་མང་བོ་ཞིག་བསྡུ་ཐུབ་ཀི་མེད་པ་དེ་ཡིན། 

གསར་འགོད་པ།   ང་ཚོས་རྒྱུས་ལོན་ཁྲོད་ཤེས་རྟོགས་བྱུང་བ་ལྟར་ན་ཁྱོད་ཀྱིས་སློབ་མ་རྣམས་ལ་སློབ་ཡོན་སྐར་གང་ཡང་ལེན་གྱིན་མི་འདུག་ཟེར།   དེས་ན་ཁྱོད་ཀྱིས་སློབ་གྲྭ་འདིའི་ཁ་གསོ་རྒྱབ་འགེབས་ཇི་ལྟར་ཐག་གཅོད་བྱེད་གིན་ཡོད།  

སློབ་གཙོ།  སློབ་གྲྭའི་འགྲོ་སོང་སྐོར་བཤད་ན་ཧ་ལས་པ་རེད། དེ་དག་གི་དབང་གིས་རང་ཁ་རང་གསོའི་ཐབས་སུ་དམིགས་ནས་གངས་ལྗོངས་དགའ་ཡ་བཟོ་གྲྭ་ཞེས་པ་བཙུགས་ཏེ་སློབ་གྲྭའི་མ་དངུལ་ཡོད་ཚད་བཟོ་གྲྭར་ཁེན་བཞིན་ཡོད་པས། མ་དངུལ་དེ་ལྟར་ཐག་གཅོད་བྱེད་ཀྱིན་ཡོད། 

གསར་འགོད་པ།  ཁྱོད་ཀྱི་སློབ་གྲྭ་འདིའི་ད་ལྟའི་གནས་བབས་དང་མ་འོངས་པའི་འཆར་གཞིའི་སྐོར་ནས་སྐད་ཆ་འགའ་གསུང་རོགས། 

སློབ་གཙོ། རེད་ལགས། ད་ལྟ་ང་ཚོའི་སློབ་གྲྭ་ནས་མཐར་པའི་སློབ་མ་བཅུ་གཉིས་ཀྱིས་སློབ་ཆེན་འདོན་བཞིན་ཡོད་ཅིང་། སློབ་མ་བདུན་ཅུ་དོན་གཉིས་ལྷག་གིས་དམའ་འབྲིང་དང་མཐོ་འབྲིང་འདོན་བཞིན་ཡོད་ལ། མིག་སྔར་སློབ་གྲྭ་གནས་སྤར་ནས་ཟླ་ཕྱེད་ཙམ་འགོར་ཡོད་ཅིང་།  ཟླ་ཕྱེད་འདིའི་ནང་དུ་གསར་ཞུགས་སློབ་མ་བརྒྱ་ཕྲག་ལྷག་བསྡུ་ཐུབ་པ་བྱུང་པས་མ་ཚད།  སློབ་གྲྭ་བཙུགས་ནས་མི་ལོ་བཅུ་འཁོར་བའི་དུས་སྟོན་ཆེན་མོ་ཞིགཀྱང་་སྤེལ་ནས་དུས་སྟོན་དེ་ཡང་ཧ་ཅང་ལེགས་འགྲུབ་བྱུང་སོང་། མ་འོངས་པར་སློབ་གྲྭའི་ཐད་ནས་དགེ་སློབ་སོགས་ཀྱིས་མཐུས་ཚང་སློབ་གསོ་གོང་འཕེལ་དུ་གཏོང་བར་འབད་བརྩོན་བྱས་ནས་སློབ་གྲྭའི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་དེ་ཡིན ། 
གསར་འགོད་པ།  ཁྱོད་ཀྱིས་བལྟས་ན་གཞུང་གཉེར་སློབ་གྲྭ་ཁག་གིས་བོད་ཀྱི་སློབ་གསོའི་རེ་བ་སྐོང་ཐུབ་བམ་མི་ཐུབ།  

སློབ་གཙོ། འདི་ནི་ཧ་ཅང་བཤད་ཁག་པོ་རེད། རྒྱུ་མཚན་སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་རབས་ཀྱི་སློབ་གསོའི་ཁ་ཕྱོགས་ལ་བལྟས་ན་འགྱུར་བ་ཧ་ཅང་ཆེ་གི  ཡིན་ཡང་གཞུང་གཉེར་སློབ་གྲྭ་ཁག་ནི་ཕལ་ཆེར་མི་རིགས་སློབ་གྲྭ་ཏག་ཏག་རེད། དེ་ཡིན་ན་ཆ་ཚང་བའི་རང་གི་མི་རིགས་སློབ་གསོར་རམ་འདེགས་ཙམ་བྱེད་ཐུབ་ན་ཐང་གི 

གསར་འགོད་པ། ཡ་ཡ།  ཨ་ཁུ།  དྲི་བར་ལན་བསྐྱོན་པར་བཀའ་དྲིན་ཆེ། 

སློབ་གཙོ།  ཡ་ཡ།  ཁྱེད་རྣམ་པར་བཀའ་དྲིན་ཞུ། 

གསར་འགོད་པས་སློབ་གྲྭར་རྒྱུས་ལོན་བྱེད་བཞིན་པ། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-19 ལྟ་ཀློག (5072)