མཐར་ཕྱིན་དགོང་ཚོགས་སྐབས་བཅོ་བརྒྱད་པ།

      གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་སྤྱི་ཟླ་བདུན་པའི་ཚེས་བཅོ་ལྔའི་མཚན་མོར་མཐར་ཕྱིན་དགོང་ཚོགས་སྐབས་བཅོ་བརྒྱད་པ་འཚོགས་ཤིང་། ཚོགས་ཐོག་ཏུ་མཐར་ཕྱིན་སློབ་མ་ཚོས་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་གྱེས་ཚིག་དང་དྲིན་བཟོའི་ཕྱག་རྟེན་དང་གླུ་གར་གྱི་མཆོད་པ་ཕུལ་བ་དང་དུས་མཚུངས་སུ་འཛིན་གྲྭ་འོག་མ་རེ་རེས་ཀྱང་མཐར་ཕྱིན་སློབ་མ་ཚོར་གྱེས་ཚིག་དང་ལེགས་སྐྱེས་སུ་གླུ་གར་གྱི་སྤྲོ་སྟོན་གང་ལེགས་བཤམས། སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ། ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གསུམ་གྱིས་མཐར་ཕྱིན་སློབ་མ་རྣམས་ལ་ཞལ་གསུངས་ལྷུག་པོ་དང་བཅས་སློབ་མ་༡༡༥ལ་མཐར་ཕྱིན་ལག་རྟགས་བསྩལ་ཏེ་ནམ་གུང་ཙམ་ལ་འབྲལ་དཀའ་བའི་མཆི་མ་དང་བཅས་དགོང་ཚོགས་ཡོངས་སུ་མཇུག་བསྒྲིལ་ཏོ།།

སློབ་དཔོན་དམ་པས་བཀའ་སློབ་ལམ་སྟོན་གནང་བཞིན་པ།

སློབ་གཙོ་འཇིགས་མེད་རྒྱལ་མཚན་མཆོག་དང་དགེ་རྒན་རྣམ་གྱིས་མཐར་ཕྱིན་འཛིན་ཡིག་གནང་བཞིན་པ།

གསར་འགོད་པ།  གྱི་ལིང་འཇིགས་མེད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-07-17 ལྟ་ཀློག (4486)