གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བ་ཤར་གཏོང་མཛད་སྒོ།

  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་གྱི་དྲ་བ་དངོས་སུ་ཤར་གཏོང་གནང་བ།   

   སྤྱི་ལོ་༢༠༡༥ལོའི་ཟླ་༧ཚེས་༡༦ཉིན་གྱི་སྔ་དྲོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་གྱི་དྲ་བ་ཤར་གཏོང་མཛད་སྒོ་སློབ་གླིང་རང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་སྟེང་དུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་། སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་བཅས་རྣམ་པ་གསུམ་གྱིས་༼གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་གྱི་དྲ་བ་༽དང་༼མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་༽གཉིས་དབུ་བརྙེས་པའི་སྒོ་བྱང་གི་ཞལ་ཁེབས་ཕྱེས་ཤིང་། དེར་འདུས་ཀྱི་དགེ་སློབ་སྟོང་ཕྲག་ལྷག་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་དང་། དྲ་བ་ཤར་གཏོང་གི་མཛད་སྒོ་དང་འབྲེལ་ཏེ་གསུང་བཤད་གལ་ཆེན་གནང་བར་མ་ཟད་། དྲ་བའི་གཙོ་སྒྲུབ་ལས་ཁུངས་ཏེ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་གཉིས་ཀྱིས་ཀྱང་དྲ་བ་ངོ་སྤྲོད་དང་ལོ་གཅིག་གི་བྱ་བའི་སྤྱིབསྡོམས་དང་འབྲེལ་ནས་གཏམ་བཤད་གནང་ཞིང་། མཐར་དམངས་གླུ་ཞིག་གི་འགྱུར་ཁུགས་ཁྲོད་ནས་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་མཇུག་བསྡུས་སོ། །


དགེ་རྒན་རྣམ་པས་སྒོ་བྱང་གི་ཞལ་ཁེབས་འབྱེད་ཀྱིན་པ།


སློབ་གླིང་གི་དྲ་བ་དང་མཐུན་གཉེར་ཁང་གི་སྒོ་བྱང་། 


དགེ་རྒན་རྣམས་ཀྱིས་གསུང་བཤད་གནང་བཞིན་པ། 


ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་མི་སྣ།


སློབ་མ་རྣམས་ཀྱི་སྤྲོ་འཛུམ།


དགེ་རྒན་རྣམས་དང་ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་མི་སྣའི་མཉམ་པར། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། ཨ་བུ་འབྲོང་། བན་ཤུལ་འཇམ་དབྱངས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-16 ལྟ་ཀློག (9689)