དཔེ་རྙིང་འོས་སྦྱོར།

དཔེ་རྙིང་འོས་སྦྱོར།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས་བསྒྲིགས་པའི་དཔེ་རྙིང་འགའ། 

  ༡ ཐེངས་འདིར་ངེད་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས་༼བོད་ཀྱི་ལོ་ཙཱ་བའི་ལམ་ཡིག་ཕྱོགས་བསྒྲིགས་༽དང་༼བོད་ཀྱི་ལོ་ཙཱ་བའི་རྣམ་ཐར་ཕྱོགས་བསྒྲིགས།༽༼ཉི་མའི་རིགས་ཀྱི་རྒྱལ་རབས་༽བཅས་དཔེ་རྙིང་པོད་གསུམ་དང་། འགྱུར་དེབ་༼བོད་ཀྱི་གནའ་རྫས་རྟོག་ཞིབ་ ༽བཅས་ཁྱོན་དཔེ་ཆ་པོད་བཞི་པར་སྐྲུན་བྱས་ཡོད།

  ༢ ང་ཚོར་ལོ་རྒྱུས་ཀྱི་རྒྱུ་ཆ་ཡང་དག་དཀོན་པའི་ཁར། འགའ་རེ་ཡོད་པ་རྣམས་ཀྱང་གང་འདོད་ལྟར་ལག་སོན་དཀའ་བས་ལོ་རྒྱུས་ཞིབ་འཇུག་ལ་འཐུས་ཤོར་སྣ་ཚོགས་བྱུང་།  དེ་བས་རང་རེའི་ལོ་རྒྱུས་ཀྱི་བདེན་པའི་རང་བཞིན་དང་དོན་དངོས་ཀྱི་གནད་དོན་མཐོང་ཕྱིར། ངེད་ཚན་ཆུང་གིས་ཆེད་དམིགས་ཀྱིས་མཇལ་དུ་དཀོན་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་འདི་དག་འཚོལ་སྡུད་བྱས་ཏེ། རྒྱ་ཆེའི་ཀློག་པ་བོ་དག་གི་སྤྱན་ལམ་དུ་ཕུལ་བ་ཡིན། 

  ༣ ཡིག་ནོར་ཧ་ཅང་མང་མོད། ཡིག་རྙིང་པར་སྐྲུན་གྱི་སྒྲིག་སྲོལ་ལྟར་མ་ཡིག་ལ་ཁུངས་བཅོལ་ཅི་ཐུབ་བྱས་པ་ལས་གང་འདོད་དུ་གཅིག་ཀྱང་བཅོས་མེད།

  ༤ འདི་ནི་ངེད་ཀྱི་ཚན་ཆུང་གིས་སློབ་སྦྱོང་གི་བྲེལ་འཚུབ་བར་ནས་བསྒྲིགས་པ་ཡིན་ལ། དུས་ཚོད་ཀྱི་ཡུན་ཐུང་ལ་ཡོན་ཚད་ཞན་པས། ཞུ་དག་སོགས་མ་ནུས་མ་འཇོན་པ་ཡོད་ངེས་པས་ཀུན་ལ་བཟོད་གསོལ་སྙིང་ནས་ཞུ་ཞུ། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།


རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-13 ལྟ་ཀློག (4784)