གཡང་འབྲི་མོ་སྐྱེ་ཁམས་ཕྱུགས་ལས་མཐུན་གཉེར་ཁང་།

 གཡང་འབྲི་མོ་སྐྱེ་ཁམས་ཕྱུགས་ལས་མཐུན་གཉེར་ཁང་། 

  གཡང་འབྲི་མོ་སྐྱེ་ཁམས་ཕྱུགས་ལས་མཐུན་གཉེར་ཁང་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བརྒྱདཔའི་མཐར་ཕྱིན་སློབ་མ་མགར་དཔལ་མགོན་སྐྱབས་ཀྱིས་འཆར་གཞི་དང་བཀོད་འདོམས་བྱས་ཤིང་།  ལསརོགས་གྲོགས་པོ་གསུམ་གྱིས་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ་བྲག་དཀར་རྫོང་དུ་གསར་དུ་བཙུགས།   ༢༠༡༤ལོར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ཏེ་ལས་འགོ་བརྩམས་ཤིང་།   ༢༠༡༥ལོའི་ཟླ་༦པའི་ནང་ལེགས་འགྲུབ་བྱུང་ནས་ཐོན་རྫས་ཕྱིར་འཚོང་བྱས། ཐོན་རྫས་གཙོ་བོ་ནི་མཐོ་སྒང་འབྲི་ནག་གི་འོ་མ་དང་ཞོ།   མར་དང་ཆུར་བ།   གྲོ་མ་དང་གངས་ལྷ་མེ་ཏོག  ད་དུང་དབྱར་རྩྭ་དགུན་འབུ་སོགས་མཐོ་སྒང་གི་ལྷད་མེད་ཐོན་རྫས་སྣ་ཚོགས་རྒྱལ་ནང་གི་ཚོང་ར་སོ་སོར་ཕྱིར་འཚོང་བྱེད་བཞིན་ཡོད།


འབྲེལ་གཏུག་བྱ་ཡུལ།

མགར་དཔལ་མགོན་སྐྱབས། 18297243555


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-13 ལྟ་ཀློག (16341)