ལོ་རྒྱུས་ཀྱི་གསང་བ་ཞེས་པའི་དེབ་གསར།

 ལོ་རྒྱུས་ཀྱི་གསང་བ་ཞེས་པའི་དེབ་གསར་འོས་སྦྱོར། 


རྩོམ་པ་བོ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྐང་འཛིན་དགེ་རྒན་གྱི་ལིང་འཇིགས་མེད།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།

    ལོ་རྒྱུས་ཀྱི་གསང་བ་ཞེས་པའི་དེབ་འདི་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་སྲིད་དོན་ལོ་རྒྱུས་ཤིག་ཡིན་ལ།  འདིར་གནམ་རི་སྲོང་བཙན་ནས་གླང་དར་མའི་བར་བཙན་པོ་རིམ་བྱོན་གྱི་ཕོ་བྲང་ནང་གི་རྒྱལ་བློན་བར་གྱི་འགལ་འབྲེལ་དང་།   བཙུན་མོ་ཕན་ཚུན་གྱི་འགལ་བ།   བཙུན་མོ་དང་ཕོ་བྲང་ནང་གི་མི་གཞན་དག་བར་གྱི་འགལ་འབྲེལ་སོགས་ལོ་རྒྱུས་ཀྱི་གསང་བ་མང་བོ་ཞིག་ཞིབ་འབྲི་བྱས་པ་བརྒྱུད།    བོད་བཙན་པོའི་རྒྱལ་རབས་ཀྱི་རྒུད་རྐྱེན་གསར་བ་ཞིག་ངོས་འཛིན་བྱས་ཡོད།   ད་དུང་རྒྱལ་བློན་རེ་རེའི་གཤིས་ཀ་དང་ཕུགས་བསམ་སོགས་ཞིབ་འབྲི་བྱས་ཡོད་པས།   ང་ཚོ་བཙན་པོའི་རྒྱལ་རབས་ཀྱི་མི་ཆེན་དག་དང་བར་ཐག་ཇེ་ཉེར་བཏང་ཡོད་པར་མ་ཟད།   ཁོ་ཚོའི་བར་གྱི་གཏམ་རྒྱུད་རེ་རེ་སྤྲོ་སྣང་ལྡན་ལ་གསོན་ཉམས་ཅན་དུ་བཏང་ཡོད་ལ།   རྒྱལ་རབས་ལོ་རྒྱུས་ལ་སྔ་ན་མེད་པའི་སྤྲོ་སྣང་སྦྱིན་ཐུབ་པས།   རྒྱ་ཆེའི་ཀློག་མཁན་གྲོགས་པོ་དག་གིས་དེབ་འདི་ལ་གཟིགས་པར་འབོད་སྐུལ་ཞུས་པ་ཡིན། འདི་ནི་ཕལ་ཆེར་ཆེས་ཐོག་མའི་སྒྲུང་རྩོམ་རང་བཞིན་ཅན་གྱི་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཤིག་ཡིན།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། 

རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-13 ལྟ་ཀློག (6355)