​​ ​ཀླུ་སྒྲུབ་བོད་སྨན་སྒོ་བསྟེན་ཁང་།

ཀླུ་སྒྲུབ་བོད་སྨན་སྒོ་བསྟེན་ཁང་གི་མཚམས་སྦྱོར། 

       ཀླུ་སྒྲུབ་བོད་སྨན་སྒོ་བསྟེན་ཁང་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསོ་རིག་འཛིན་གྲྭ་སྐབས་དང་པོའི་མཐར་ཕྱིན་སློབ་མ་ནག་བཟའ་འཇམ་དབྱངས་ཀླུ་སྒྲུབ་ལགས་ཀྱིས་སྤྱི་ལོ་༢༠༡༢ལོར་མཚོ་ལྷོའི་འབའ་རྫོང་དུ་དངོས་སུ་སྒོ་ཕྱེས་ཤིང་། བོད་ཀྱི་གསོ་དཔྱད་ཀྱི་གཞུང་ལུགས་དང་མཐུན་པའི་སྨན་དཔྱད་ཀྱི་རིགས་རྣམས་འོས་འཚམས་རེ་ལག་ལེན་བྱེད་བཞིན་ཡོད་ལ། གཞུང་བཤད་རེ་ཤེས་པ་ཙམ་གྱིས་མི་ཆོག་པར་ལག་ལེན་གྱི་སྟེང་ནས་ནད་སྨན་སྤྲོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཡིན་ན། ནད་སེལ་བ་ལ་དཀའ་ཁག་ཅི་ཡང་མེད་པར་ཡང་ཡང་གསུངས་པ་ལྟར། ནད་སྨན་ངོ་སྤྲོད་པ་ལ་ནན་ཏན་བྱས་པས་ནད་པ་ལ་ཕན་ཐོགས་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་སླེབས་ཡོད། ད་ལྟ་སྨན་སྣ་བརྒྱ་དང་སུམ་ཅུ་ལྷག་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། གཞན་བོད་སྨན་གྱི་སྐོར་ཕལ་ཆེ་བ་རང་གིས་སྡེབ་བཞིན་ཡོད། ད་དུང་ཡང་སྨན་སྦྱོར་སོགས་ཇེ་བཟང་ཇེ་ལེགས་ལ་བཏང་སྟེ། བོད་སྨན་གྱི་ཆ་ལག་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བ་ལ་བརྩོན་པ་བྱེད་དང་བྱེད་མུས་སུ་མཆིས་སོ། ། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-13 ལྟ་ཀློག (6119)