སམ་བྷོ་ཊ་མི་རིགས་རིག་གནས་དར་སྤེལ་ཁང་།

སམ་བྷོ་ཊ་མི་རིགས་རིག་གནས་དར་སྤེལ་ཁང་གི་མཚམས་སྦྱོར། 

 

   སམ་བྷོ་ཊ་མི་རིགས་རིག་གནས་དར་སྤེལ་ཁང་། 

   སམ་བྷོ་ཊ་མི་རིགས་རིག་གནས་དར་སྤེལ་ཁང་གི་སྤྱི་ཁྱབ་གཙོ་འགན་པ་དཔའ་ཐར་ལགས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློོབ་གླིིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་ཡིན་ཞིང་། ༢༠༡༠ལོར་ཟི་ལིང་གྲོང་ཁྱེར་དུ་སམ་བྷོ་ཊ་མི་རིགས་རིག་གནས་དར་སྤེལ་ཁང་ཞེས་པ་ཞིག་བཙུགས་ནས་བོད་མི་རིགས་ཀྱི་རིག་གནས་དང་འབྲེལ་བའི་ལས་ཀ་གཉེར་གྱིན་ཡོད་ཅིང་། ལས་ཀ་གཙོ་བོ་ནི་སློབ་གཉེར་ཐད་ལ་དགོས་མཁོ་ཆེ་བའི་དཔེ་དེབ་རིགས་པར་བསྐྲུན་དག་བསྒྲིགས་དང། ཐོན་རྫས་སྣ་མང་རྒྱལ་ཁབ་ཕྱི་ནང་གི་ཚད་ལྡན་བཟོ་གྲྭ་ཁག་ལ་མཉམ་འབྲེལ་བྱས་ཏེ་བོད་མདོ་དབུས་ཁམས་གསུམ་དུ་འགྲེམ་སྤེལ་བྱས་པས་སྤྱི་ཚོགས་སྟེང་གི་ཤེས་ཡོན་པ་ཁག་གིས་ཀྱང་དགའ་བསུ་མི་དམན་པ་ཐོབ། ད་དུང་ལས་ཁུངས་འདིས་ལོ་རེར་དམངས་སྒོར་དྲུག་ཁྲི་ལྷག་གིས་དགོན་སྡེ་ཁག་དང་སློབ་གྲྭ། དབུལ་བོ་ཉམ་ཐག་སོགས་ལ་རོགས་རམ་བྱས་ཤིང་།  རྗེས་ཕྱོགས་ཀྱང་མུ་མཐུད་དུ་གཞན་ཕན་གྱི་བྱ་བ་བསྒྲུབ་པར་འབད་བརྩོན་བྱེད་ཀྱིན་ཡོད་པར་མ་ཟད།  རྩིས་འཕྲུལ་རིག་གནས་ལ་དུངས་ཞེན་ཆེ་བའི་བོད་ཀྱི་སློབ་བུ་བཅུ་ཕྲག་ཅིག་བསྐྱེད་སྲིང་བྱས་ཤིང་། སློབ་བུ་རྣམས་ཀྱིས་རང་ཉིད་ཀྱིས་རྩིས་འཕྲུལ་གྱི་བྱ་བ་གཉེར་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་དོ།།



འཛད་སྤྱོད་པའི་དགོས་མཁོ་ལྟར་ཇུས་འགོད་བྱས་པའི་ཐོན་རྫས་སྣ་ཚོགས། 


 སམ་བྷོ་ཊ་མི་རིགས་རིག་གནས་དར་སྤེལ་ཁངགི་སྤྱི་ཁྱབ་གཙོ་འགན་པ་དཔའ་ཐར།

འབྲེལ་གཏུག་ས་གནས།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བོད་མིའི་ཁྲོམ། སམ་བྷོ་ཊ་མི་རིགས་རིག་གནས་དར་སྤེལ་ཁང་།

ཁ་པར། 13897338383 13139194555
ཁྱེའུ་འཕྲིན། 337942326
སྐད་འཕྲིན། 13897338383 
ཡིག་སྒམ། huatai8383@163.com

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-07-13 ལྟ་ཀློག (7282)