ཐ་སྙད་གསར་བ་བློར་འཛིན་གྱི་འགྲན་བསྡུར།

ཐ་སྙད་གསར་བ་བློར་འཛིན་གྱི་འགྲན་བསྡུར་སྤེལ་བ། 

གསར་འགོད་པ། དགེ་རྒན་བླ་ནག་སྐལ་ལྡན།

༢༠༡༥/༧/༣དགོང་མོར། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་དབྱར་ཁའི་སློབ་སྐབས་ཀྱི་ཐ་སྙད་བློར་འཛིན་གྱི་འགྲན་བསྡུར་ཐེངས་བཅུ་བཞི་བ་གཟབ་རྒྱས་ངང་འཚོགས་ཤིང་། སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་བླ་མེད་སྦྱར་བ་ལ་བརྟེན་ནས་འགྲན་ཞུགས་པ་རྣམས་ལ་ཨང་དང་བོ་དང་གཉིས་པ། གསུམ་པ་བཅས་ཀྱི་བྱ་དགའ་གྱ་ནོམ་པ་རེ་གནང་བ་དང་། ཐེངས་འདིའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས་རྩོམ་སྒྲིག་པ་ཕྱི་མ་རྣམས་ལ་རྩོམ་སྒྲིག་གི་བྱ་བ་བརྒྱུད་སྤྲོད་བྱས་ཤིང་། ཚོགས་ཐོག་ཏུ་སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དང་དགེ་རྒན་གྱི་ལིང་འཇིགས་མེད་རྣམ་གཉིས་ཀྱིས་འབྲེལ་ཡོད་ཐ་སྙད་ཀྱི་སྒྱུར་སྟངས་ལ་དབྱེ་ཞིབ་ཀྱི་གསུང་བཤད་གལ་ཆེན་གནང་བ་དང་། དམིགས་བསལ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་“བོད་སྐད་རང་ངོས་ནས་རྗེས་ལུས་ཡིན་སོང་བ་རེད་དམ་ཞེ་ན་དེའང་མ་རེད། བོད་ཡིག་རང་ངོས་ནས་རྗེས་ལུས་ཡིན་སོང་བ་རེད་དམ་ཞེ་ན་དེའང་མ་རེད། དེས་ན་ཅི་ཞིག་རྗེས་ལུས་ཡིན་སོང་བ་རེད་དམ་ཞེ་ན། གཙོ་བོ་ང་ཚོས་བཀོལ་སྤྱོད་དང་ཁྱབ་སྤེལ་བྱས་པ་མ་འདང་བར་རྗེས་སུ་ལུས་སོང་བ་རེད། དེ་ལྟར་སྐད་ཡིག་དེ་རྗེས་ལུས་ཐེབས་སོང་ན། མི་རིགས་དེའི་དཔལ་འབྱོར་དང་རིག་གནས་སོགས་ཀྱང་རྗེས་ལུས་ཐེབས་འགྲོ་བ་རེད།” ཅེས་སོགས་རིན་ཐང་བླ་མེད་ཀྱི་སློབ་སྟོན་གལ་ཆེན་གནང་བ་སོགས་འགོ་བཀྲ་ཤིས་པའི་ངང་བརྩམས་ཤིང་མཇུག་དོན་འགྲུབ་པར་བསྡུས་སོ།


དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་ཐ་སྙད་འགའ་ལ་དོགས་སེལ་བྱེད་བཞིན་པ།


ཚོགས་རའི་ཟུར་ཞིག 

བྱ་དགའི་དངོས་པོ། 


ཨང་དང་བོ་འཐོབ་མཁན་ལ་བྱ་དགའ་གནང་བཞིན་པ།


རྒྱབ་སྐྱོར་བླ་མེད་གནང་བའི་སྦྱིན་བདག་གི་འཐུས་ཚབ་ལ་དཀའ་དྲིན་ཞུ་བཞིན་པ།



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-13 ལྟ་ཀློག (22323)