བོད་ཀྱི་རི་མོའི་ལོ་དེབ་ཐོག་མ་མེ་ལོང་ངོ་སྤོད།

༄༅།།གངས་ཅན་བོད་ཀྱི་རི་མོའི་ལོ་དེབ་ཐོག་མ་མེ་ལོང་ངོ་སྤོད་མདོར་བསྡུས། 

   ལོ་དེབ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་བན་ཤུལ་འཇམ་དབྱངས་ཀྱིས་སྤྱི་ལོ་ཉིས་སྟོང་བཞི་ལོར་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་མདོ་སྨད་ཀླུ་ཚང་དགོན་ཆེན་དུ་སློབ་གཉེར་གནང་བཞིན་པའི་ལོ་དེའི་བློ་རྟགས་འཛིན་གྲྭ་དང་མཉམ་དུ་གཙོ་སྒྲིག་གནང་ཞིང་།      ཁ་བྱང་ལ་ཞབས་རྗེས་ཞེས་པའི་སྙན་ངག་དང་རི་མོ་གཉིས་ཟུང་འབྲེལ་གྱི་ལོ་དེབ་ཅིག་ཡིན། དེབ་ཕྲེང་གཉིས་པ་ནས་བཟུང་དེབ་གྱི་ཁ་བྱང་གསར་དུ་བརྗེས་ཏེ་མེ་ལོང་ཞེས་བཀོད་ནས་རི་མོ་རྐྱང་བའི་ལམ་དུ་རྩོམ་སྒྲིག་བྱས་པ་ཡིན། སྤྱིར་དུས་དེབ་ཅིག་ལ་རྩོམ་སྒྲིག་བྱ་རྒྱུ་ནི་ལས་སླ་བོ་ཞིག་མིན་པའི་ཁར་རི་མོའི་སྒྱུ་རྩལ་གྱི་དེབ་ཞིག་གཉེར་རྒྱུ་ནི་དེ་ལས་ཀྱང་དཀའ་ཁག་ཆེན་པོ་ཞིག་འདུག་སྟེ། དཔེར་ན། བརྩམས་ཆོས་ཀྱི་ཡོངས་ཁུངས་ཞན་པ། སྒྲིག་སྦྱོར་གྱི་ལས་ཚགས་ལྕི་བ།པར་སྐྲུན་གྱི་འགྲོ་སོང་དཀའ་བ་སོགས་སྙན་ངག་དུས་དེབ་ཅིག་དཔར་འགྲེམས་ཀྱི་ལས་ཀ་ལས་ལྡབས་འགྱུར་གྱི་ཁུར་ལྕི་བའི་ལས་འགན་ཞིག་ཡིན་སྟབས།  ཉིས་སྟོང་དགུ་ལོར་འཛིན་གྲྭ་དེ་ཡིས་ཕར་ཕྱིན་དམ་བཅའ་བཞག་པའི་རྗེས་སུ་དེབ་འདི་གཙོ་སྐྱོང་གནང་མཁན་་གྱི་ལས་གྲོགས་ལ་ལ་ཞིག་ཡུལ་ཕྱོགས་གཞན་དུ་ཕེབས་སོང་ལ། ཁ་ཤས་ཤིག་ལ་དེབ་འདི་མུ་མཐུད་དུ་གཙོ་སྐྱོང་གནང་རྒྱུའི་འདུན་པ་མེད་པར་གྱུར་བས་མེ་ལོང་ལོ་དེབ་རེ་ཞིག་འཆི་ལམ་དུ་སོང་བ་རེད། དེ་བས་བདག་གི་གྲོགས་ལྷག་བསམ་ཅན་རོང་ཚང་ཀླུ་རྒྱལ་ལགས་ཀྱིས་ལོ་དེབ་འདི་དཔར་སྐྲུན་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་བར་མ་ཟད། རྩོམ་སྒྲིག་པའི་ལས་འགན་བཞེས་རྒྱུ་ཁས་བླངས་པས་ད་ལྟ་ཕྲན་བན་ཤུལ་འཇམ་དབྱངས་དང་རོང་ཚང་ཀླུ་རྒྱལ་གཉིས་ཀྱིས་ལོ་རེ་བཞིན་དཔར་བསྐྲུན་འགྲེམས་སྤེལ་གྱི་རྒྱུན་སྐྱོངས་མུས་སུ་ཡོད་པ་ཡིན་ནོ །།

 

 

 

མེ་ལོང་ཚོན་དེབ་ནང་དུ་བཀོད་ཟིན་པའི་ཚབ་མཚོན་རི་མོ་བདམས་བཀོད།

 

 

 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-13 ལྟ་ཀློག (8351)