བསིལ་རླུང་རྒྱུན་ཤེས་འཕྲིན་སྟེགས།

  

བསིལ་རླུང་རྒྱུན་ཤེས་འཕྲིན་ལམ་འོས་སྦྱོར། 

 བསིལ་རླུང་རྒྱུན་ཤེས་འཕྲིན་ལམ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་རྨེ་གྲྭ་ཚེ་རིང་བསམ་གྲུབ་ལགས་ཀྱིས་གཉེར་གྱིན་ཡོད་ཅིང་། འཛམ་གླིང་གི་ལག་དེབ་གློག་རྡུལ་ཀློག་པ་པོ་རྣམས་ལ་ཆེད་དུ་ཁ་ཕྱོགས་ནས་བསྒྲུབས་པ་ཞིག་ཡིན། འདི་ནས་འཛམ་གླིང་གི་གལ་ཆེན་གསར་འགྱུར་རྒྱུན་ཤེས་དང་།  དུས་གསར་འཚོ་བའི་རྒྱུན་ཤེས་སོགས་ཉེར་མཁོའི་རྒྱུན་ཤེས་སྣ་ཚོགས་ཆེད་བསྒྲུབས་བྱས་ཏེ།  རྒྱུན་པར་ལྟ་ཀློག་གི་རྣམ་པས་ཀློག་པ་པོ་ཡོངས་ལ་བརྒྱུད་སྐུར་བྱས་ནས་ཞབས་འདེགས་མི་དམན་པ་བསྒྲུབས་དང་སྒྲུབ་བཞིན་ཡོད།   དེས་ན་སྐུ་ཉིད་ཀྱིས་འཕྲིན་ལམ་འདི་ནང་འཇུག་བྱས་རྗེས་རྒྱུན་པར་རྣམ་པ་མི་འདྲ་བའི་རྒྱུན་ཤེས་སྣ་ཚོགས་ལ་ལྟ་ཀློག་གནང་ཐུབ་པ་ཡིན།  ཕན་ཚུན་ལ་བརྒྱུད་སྐུར་མང་དུ་གནང་རོགས།



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-11 ལྟ་ཀློག (4865)