འཇིགས་མེད་རྒྱལ་མཚན་སློབ་གསོའི་འཕྲིན་སྟེགས།

འཇིགས་མེད་རྒྱལ་མཚན་སློབ་གསོའི་འཕྲིན་སྟེགས་འོས་སྦྱོར། 

   འཇིགས་མེད་རྒྱལ་མཚན་སློབ་གསོ་ཞེས་པའི་འཕྲིན་སྟེགས་འདི་ནི་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་བཀོད་ལྟར་དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་དྲ་ཐོག་ནས་ཐོ་བཀོད་ཅིང་༢༠༡༤ལོའི་ཟླ་༤བའི་ཚེས་༡༨ཉིན་ནས་གཏོང་འགོ་བརྩམས་ཏེ་བདག་གཉེར་བྱེད་བཞིན་ཡོད། 

  དེ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་གསར་འགྱུར་དང་། རྩོམ་ཡིག་གལ་ཆེན། མཚམས་སྦྱོར་གལ་ཆེན་སོགས་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེ་བའི་ཀློག་མཁན་རྣམ་པར་སྤྱན་འབུལ་ཞུ་ས་ཞིག་ཡིན་ལ། སློབ་གྲྭ་འདི་གཉིས་ལ་རྒྱུས་ལོན་བྱེད་འདོད་པ་རྣམས་ལ་ཆེད་དུ་དམིགས་པ་ཞིག་ཡིན། ད་སྔ་རྒྱལ་ཁབ་ཕྱི་ནང་གི་ཀློག་མཁན་ཁྲི་གཉིས་ལ་ཉེ་བ་ཞིག་ལ་ཐད་ཀར་གསར་འགྱུར་སོགས་འཕྲོད་ཐུབ་ཅིང་། ཀློག་མཁན་ཁྲི་སུམ་ཅུའི་ཡན་ལ་བུད་ཡོད་པར་མ་ཟད། ཉེ་ལམ་བོད་ནང་ན་གདེང་འཇོག་ཚད་མཐོན་པོ་ཐོབ་པའི་འཕྲིན་སྟེགས་ཤིག་ཏུ་གྱུར་ཡོད་དོ། ། 



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2015-07-11 ལྟ་ཀློག (4369)