སློབ་གསོའི་ཆེད་དེབ་གངས་ལྗོངས་སློབ་གསོ་མཚམས་སྦྱོར།

བོད་ཀྱི་སྲོལ་རྒྱུན་སློབ་གསོའི་སྐོར་ཀྱི་ཆེད་དེབ་༼གངས་ལྗོངས་སློབ་གསོ།༽མཚམས་སྦྱོར།

 

       དེབ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སློབ་གྲྭ་སྟེ།  གངས་ལྗོངས་ཤེས་རིག་དར་སྤེལ་སློབ་གླིང་གིས་པར་དུ་བསྐྲུན་ཞིང་།  དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོས་གཙོ་སྒྲིག་བྱས་པའི་བོད་ཀྱི་རིག་གནས་དང་སློབ་གསོའི་སྐོར་གྱི་དཔྱད་གཞི་དང་སློབ་སྦྱོང་གི་རྒྱུ་ཆ་གལ་ཆེན་ཞིག་ཡིན་ལ།   བོད་རང་གི་ཁྱད་ཆོས་མ་བོར་བའི་ཡང་དག་པའི་ལམ་སྟོན་གྱི་སྒྲོན་མེ་འོད་སྟོང་འཕྲོ་བ་ཞིག་ཀྱང་ཡིན། 
    དེབ་འདིའི་ནང་དུ་འཇིག་རྟེན་ལ་སྐད་གྲགས་བཞག་མྱོང་བའི་སྔོན་བྱོན་མཁས་དབང་དུ་མའི་བསླབ་བྱ་དང་གདམས་ངག     དེ་བཞིན་དེང་དུས་ཀྱི་རླབས་ཆེ་བའི་སློབ་གསོ་བ་དང་ཆེད་མཁས་པ་མང་བོས་ལོ་མང་གི་ཉམས་མྱོང་ལས་བསགས་པའི་ཤེས་རབ་ཀྱི་ཉིང་བཅུད་ལྟ་བུའི་བོད་ཀྱི་སྲོལ་རྒྱུན་སློབ་གསོ་རྐྱང་བའི་སྐོར་གྱི་ལེགས་རྩོམ་ཁོ་ན་ཕྱོགས་བསྒྲིགས་བྱས་པ་ཞིག་ཀྱང་ཡིན་པས་ཀློག་མཁན་གྱི་དགའ་བསུ་རྒྱ་ཆེན་ཐོབ་ཀྱིན་ཡོད་དོ།།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-09 ལྟ་ཀློག (4685)